[A:302]འོང་བལྟ་བའི་ཕྱིར། བློན་པོ་དང་འབངས་ཀྱི་བུ་བློ་རྣོ་བ་བདུན། བོ་དྷི་ས་ཏྭའི་དྲུང་དུ་རབ་ཏུ་བྱུང་སྟེ། དེའང་སྦ་སང་ཤིའི་བུ་རཏྣ། མཆིམས་ཨ་ནུའི་བུ་ཤཱཀྱ་བྲ་བeds: ༼པྲ་བྷ༽། པ་གོར་རཏྣའི་བུ་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨ་ཙརྱ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ་བསྲུང་བ།
ལོ་རྒྱུས་ཞིག་ན། འཁོན་ཀླུའི་དབང་པོ་སད་མི་མི་བདུན་ལ་མི་ཐེ་ཟེར་བའང་འདུག
གཙང་ལེགས་གྲུབ་སྟེ། བདུན་གྱིས་རབ་ཏུ་བྱུང་བས། སད་མི་མི་བདུན་ཞེས་གྲགས་སོ། །དེ་བཞིན་དུ་བཙུན་མོ་དང༌། བློན་པོ་འབངས་ལ་སོགས་པའི་བུ་སུམ་བརྒྱ་རབ་ཏུ་བྱུང་སྟེ། རྒྱ་གར་དུ་བློ་རྣོ་བ་རྣམས་བརྫངས་ཏེ། སྒྲ་དང་ལོ་ཙཱ་སློབ་ཏུ་བཏང་ངོ༌། །དེ་ནས་རྒྱལ་པོའི་ཐུགས་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པར་འདོད་ནས། བློན་པོ་འགོས་ལ་སོགས་པའི་ཆོས་བློན་རྣམས་དང་གྲོས་མཛད་དེ། དཀའ་བའི་ལས་རྣམས་མ་བསྟེན་ན། །སླ་བའི་ལས་ལ་གྲུབ་པ་མེད། །གསུངས་ཏེ། མངའ་འོག་གི་བློན་པོ་བོད་འབངས་རྣམས་བསགས་ཏེ། རྒྱལ་པོའི་ཞལ་ནས་སྔོན་ཆད་བོད་ཀྱི་རྒྱལ་པོ་བྱོན་པ་ལ་ང་ཆེ། ངས་ལག་རྗེས་ཆེན་པོ་ཞིག་འཇོག་དགོས། རྒྱུ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཤར་རི་དང་མཉམ་པ་ཞིག་འཆོས་སམ་ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་བརྩིག་གམ། ཧས་པོ་རི་ཟངས་ཀྱིས་འཐུམ་མམ། དཀའ་བཅུ་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དགུ་བཅུ་ཡོད་པ་འབྲུའམ། ཝ་ལུང་གྲོག་མོ་གསེར་ཕྱེས་འགེངས་སམ། གཙང་པོ་སྦུབས་སུ་འཇུག་གམ། དཀོན་མཆོག་གསུམ་ཀྱི་རྟེན་བཞུགས་པའི་ལྷ་ཁང་བྲེ་ཚད་ཙམ་ཞིག་བཞེངས་སམ་འདོམས་ཤིག་གསུངས་པས། དེར་ཐམས་ཅད་ཀྱིས་རྒྱལ་པོའི་བཀའ་དེ་གསེར་གྱི་ཕ་བོང་བཞིན་སེམས་ཐོག་ཏུ་ལྗི་བར་བྱུང་ནས། ཞུ་མ་ཤེས་པར་མིག་ཧུ་རེ་ལུས་