R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 307
[A:307]སོ་ཕག་ཡིན། །སྟེང་ཁང་གཞལ་ཡས་རིན་ཆེན་ཤིང་ལས་གྲུབ། །བཟོ་རྣམས་ཐམས་ཅད་འདུལ་བའི་ལུགས་དང་བསྟུན། །རྒྱུད་རིས་ཐམས་ཅད་མདོ་སྡེའི་ལུགས་དང་བསྟུན། །ལྡེར་སོ་ཐམས་ཅད་གསང་སྔགས་དག་དང་བསྟུན། །ཞེས་སོ༑ ༑དེ་ནས་ཤར་ལུས་འཕགས་པོའི་གླིང་གསུམ་ཟླ་གམ་རིས་སུ་ཡོད་པ་ལ་དཔེ་བླངས་ནས། ཤར་དུ་ལྷ་ཁང་གསུམ་བརྩིགས་ཏེ། དེ་ཡང་རྣམ་དག་ཁྲིམས་ཁང་གླིང་ན་རྟེན་གྱི་གཙོ་བོ་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ། མངོན་པར་འབྱུང་བའི་རྒྱུད་རིས། ཆོས་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གཏད། མཁྱེན་རབ་འཇམ་དཔལ་གླིང་ན། འཕགས་པ་འཇམ་དཔལ་གཙོ་འཁོར་བདུན། སྒོ་སྲུང་གཤིན་རྗེ་གཤེད་གཉིས་འཇམ་དཔལ་རྩ་རྒྱུད་དང༌། ངན་སོང་སྦྱོང་བའི་རྒྱུད་གཉིས། ཆོས་སྐྱོང་གཤིན་རྗེའི་འཁོར་ལོ་ཅན་ལ་གཏད། བརྡ་སྦྱོར་ཚངས་པ་གླིང་ན་ཤཱཀྱ་ཐུབ་པ་གཙོ་འཁོར་བདུན། མྱ་ངན་ལས་འདས་པའི་རྒྱུད་རིས། ཆོས་སྐྱོང་འབྲུག་གི་གློག་བ་ཅན་ལ་གཏད། ལྷོ་འཛམ་བུ་གླིང་གི་གླིང་གསུམ་སོག་ཁར་ཡོད་པ་ལ་དཔེ་བླངས་ནས། ལྷོ་ཕྱོགས་སུ་ལྷ་ཁང་གསུམ་བཞེངས་ཏེ། དེ་ཡང་བདུད་འདུལ་སྔགས་པ་གླིང་ན། ཐུབ་པ་བདུད་འདུལ་ལུགས་གཙོ་འཁོར་ལྔ། ལྟེ་བ་ལ་མདོ་སྡེ་ས་བཅུ་པའི་རྒྱུད་རིས། འཁོར་ས་ལ་ནམ་མཁའི་སྙིང་པོའི་རྒྱུད་རིས། ཆོས་སྐྱོང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་གཏད། ཨཱརྱ་པ་ལོ་གླིང་ན། ཁརྶ་པ་ཎི་གཙོ་འཁོར་ལྔ། སྟེང་ན་སྣང་བ་མཐའ་ཡས་གཙོ་འཁོར་ལྔ། བློeds: ༼གློ་༽འབུར་ན་ཙནྡན་ལ་དངུལ་གཡོགས་པའི་རྒྱལ་པོའི་སྐུ་འདྲ་གཅིག མཆོད་རྟེན་གཅིག་རྒྱུད་རིས། ཟ་མ་ཏོག ལྷ་མོ་སྟོང་རྩ་གཉིས་ཆོས་སྐྱོང་དྲང་སྲོང་དྷརྨ་རཱ་ཛ་ལ་གཏད། སྒྲ་སྒྱུར་རྒྱ་གར་གླིང་ན་ཐུབ་པ་རྒྱ་གར་ལུགས་མ་གཙོ་འཁོར་ལྔ། རྒྱུད་རིས་ལ་ཚེ་དཔག་མེད་