R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 314
[A:314]གིས། །ལྷ་ཡི་གླུ་ལ་དཔེ་བླངས་ནས། །གཡུ་ཁང་གསེར་ཁྲི་བྱ་བ་བླངས། །ལྷ་སྲས་མུ་ནེ་བཙན་པོ་ཡིས། །འཇིག་རྟེན་སྒྲོན་མེ་བྱ་བ་བླངས། །ལྷ་སྲས་མུ་ཏིག་བཙན་པོ་ཡིས། །སེང་གེ་འགྱིང་བ་བྱ་བ་བླངས། །བཙུན་མོ་རྣམས་ཀྱིས་གླུ་བླངས་པ། ། གཡུ་མཚོ་འཁྱིལ་བ་བྱ་བ་བླངས། །མཆོད་གནས་རྣམས་ཀྱིས་གླུ་བླངས་པ། ། མཁན་པོ་བོ་དྷི་ས་ཏྭ་ཡིས། །སྒམ་ཕྲེང་དཀར་པོ་བྱ་བ་བླངས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་འདྲེ་ཟིལ་གནོན་བྱ་བ་བླངས། །མཁས་པ་བཻ་རོ་ཙ་ན་ཡིས། །དབྱངས་ཡིག་ཁུག་པ་བྱ་བ་བླངས། །གནུབས་བན་ནམ་མཁའི་སྙིང་པོ་ཡིས། །མཁའ་ལ་ཁྱུང་ལྡིང་བྱ་བ་བླངས། །ངན་ལམ་བཙུན་པ་རྒྱལ་མཆོག་གིས། ། རྟ་མགྲིན་འགྱིང་དབྱངས་བྱ་བ་བླངས། །མཁས་པ་ཅོག་རོ་དཔལ་བཟང་གིས། ། སྐྱིད་པའི་དཔལ་དགུ་བྱ་བ་བླངས། །བློན་པོ་རྣམས་ཀྱིས་གླུ་བླངས་པ། །ཆོས་བློན་ཆེན་པོ་འགོས་རྒན་གྱིས། །དྲང་ཤིང་དཀར་བ་བྱ་བ་བླངས། །དེ་སྲས་ཡབ་ལྷག་ཁྲི་བཟངས་ཀྱིས། །མཛངས་ཡིག་འཕྲུལ་གྱི་ལྡེ་མིག་བླངས། །ཤུད་པུ་དཔལ་གྱི་སེང་གེ་ཡིས། །ངུར་ཆུང་གཡུ་རིངས་བྱ་བ་བླངས། །དམག་དཔོན་ལྷ་བཟང་ཀླུ་དཔལ་གྱིས། །ཟར་ཆེན་ཟར་ཆུང་བྱ་བ་བླངས། །ཉང་བཟང་ཞང་པོ་ཁྲི་རྒྱལ་གྱིས།། སེང་གེ་འགྲེལ་ཆེན་བྱ་བ་བླངས། །སྦས་ཀྱི་བསྟན་བཟང་དཔལ་ལེགས་ཀྱིས། ། འདོད་པ་རེ་བརྒྱད་བྱ་བ་བླངས། །མགར་གྱི་ཁྱུང་པོ་དུམ་ཚུགས་ཀྱིས། །བྱ་རྒོད་ལྡིང་བ་བྱ་བ་བླངས། །མཆིམས་ཀྱི་རྡོ་རྗེ་སྤྲེལ་ཆུང་གིས། །མཆིམས་ཀྱི་བརྗེད་གླུ་བྱ་བ་བླངས། །སྣ་ནམ་རྒྱལ་ཚ་ལྷ་སྣང་གིས། །ལྷ་ཤུག་གོང་མ་བྱ་བ་བླངས། ཁྲི་འབྲིང་ལྷ་འོད་ཁུག་ཆོས་ཀྱིས། །མདོ་ཆོད་རབ་འབྲིང་ཐ་གསུམ་བླངས། །གཉགས་ཀྱི་ཁྲི་བཟང་ཡང་བོན་གྱིས། །ཟླ་འོད་ཁྱབ་གདལ་བྱ་བ་བླངས། །ལི་ངམ་སྟག་སྒྲ་