[A:320]ནས་གསོད་དུ་བཏང་བས། སྲས་རྒྱལ་པོས་བསྐྱབས་པས། ཡུམ་ལོག་ལྟ་སྐྱེས་ཏེ་སྲས་ལ་གསོལ་ངན་དྲངས་ཏེ། སྲས་རྒྱལ་པོ་མུ་ནེ་བཙན་པོ་ལོ་གཅིག་དང་ཟླ་བ་དགུ་ལ་རྒྱལ་སྲིད་བཟུང་ནས། དགུང་ལོ་ཉི་ཤུ་རྩ་དགུ་ལ་ཕོ་བྲང་ཡུམ་བུར་གྲོངས་སོ༑ ༑སྲས་མུ་ནེ་བཙན་པོའི་བང་སོ་ནི། ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། །མིང་ནི་ལྷ་རི་ལྡེམ་པོ་ཟེར་རོ་སྐད། །ཅེས་སོ། །
ཉེར་གསུམ་པ། དེ་ནས་སྲས་འབྲིང་པོ་མུ་ཏིག་བཙན་པོ་ལ་རྒྱལ་སྲིད་གཏད་རྒྱུ་ལ། མུ་ཏིག་བཙན་པོས་ཀྱང་སྔ་གོང་ཡབ་བཞུགས་དུས། བློན་ཞང་དབུ་རིང་ཉེས་མེད་དུ་བསད་པའི་ངན་ལེན་དུ་སྣ་ནམ་པས་བཀྲོངས་སོ། །དེའི་བང་སོ་དོན་འཁོར་མདའ་རུ་བརྩིགས། །མིང་ནི་ཀྱ་རི་ཀྱང་ལྡེམ་ལགས་སོ་སྐད། །དེ་ནས་སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ལ་རྒྱལ་སྲིད་གཏད། རྒྱལ་ཁམས་ལ་དབང་བསྒྱུར། དགེ་འདུན་གྱི་སྡེ་བཙུགས། སྔར་མེད་པའི་མདོ་དང་སྒྲ་བསྒྱུར། མཆོད་གནས་པཎྜི་ཏ་བི་ཤྭ་ཀ་ར། བཻ་རོ་ཙ་ན་མཆོག་ཅེས། ཀ་མ་ལ་ཤཱི་ལ་eds: ༼ལ་༽སོགས་པའི་མཆོད་གནས་རྣམས་ལ་ཞབས་ཏོག་བྱས། སྔ་གོང་ཡབ་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་མར་མེ་ཕུལ། དགུང་ལོ་བཅུ་དགུ་ལོན་དུས་བཙུན་མོ་ལྷ་རྩེ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་གཅིག་འཁྲུངས་པ། དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས། བང་སོ་དོན་མཁར་མདའ་རུ་བརྩིགས།
ཉེར་བཞི་པ། སྲས་ལྡེང་ཁྲི་དགུང་ལོ་བཅུ་བཞི་ལ་རྒྱལ་སྲིད་བཟུང༌། བཙུན་མོ་ཆེན་མ་ལ་གསུམ། བཙུན་མོ་ཆུང་མ་ཞིག་ལ་སྲས་ལྷ་རྗེ་ལྷུན་གྲུབ་གཉིས་ཏེ་ལྔ་འཁྲུངས་སོ། །དགེ་འདུན་གྱི་སྡེ་བཙུགས། ཡབ་མེས་ཀྱིས་བཞེངས་པའི་