[A:150]རེ་བཞིན་རྡོག་པོ་རེ་རེ་ནས་ཕྱིར་བསྐྱུར་ན་ཟད་པར་ནུས་ཀྱི། ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །ཟླ་བ་བཅུ་གཉིས་སུ་ཉིན་མཚན་མེད་པར་ཆར་གྱི་རྒྱུན་མི་ཆད་པར་འབབ་པའི་རྡོག་པོ་རེ་རེ་ནས་འདྲེན་པར་ནུས་ཀྱི། ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །འདི་ལྟ་སྟེ། རིགས་ཀྱི་བུ་མང་དུ་བརྗོད་མི་དགོས་ཀྱིས། ང་དང་འདྲ་བའི་དེ་བཞིན་གཤེགས་པ་བྱེ་བ་ལ་བསྙེན་ཅིང་བཀུར་བས་མཉེས་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་ཀྱི༑ ཡི་གེ་དྲུག་པ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་སུས་ཀྱང་བགྲང་བར་མི་ནུས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་གྱིས་ལྷ་སྐྱེ་འཆིའི་སྡུག་བསྔལ་སེལ། མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ། ཎི་ཡིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ། སངས་རྒྱས་ཀུན་གྱིས་བསྔགས་གྱུར་པས། །དམ་ཆོས་ཐམས་ཅད་བསྡུས་པའི་བཅུད། །འགྲོ་བ་ཀུན་གྱི་དཔལ་དུ་ཤར། །ཡི་གེ་དྲུག་པའི་དབང་ཅིག་བསྐུར། །སངས་རྒྱས་ཀུན་གྱི་སྙིང་པོའི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བགྱི། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །རིག་སྔགས་རྒྱལ་པོའི་དབང་ཅིག་བསྐུར། །ཨོཾ་ནི་སྦྱིན་པའི་ཕ་རོལ་ཕྱིན། །སེར་སྣ་མེད་པའི་བཅོམ་ལྡན་འདས། ། སངས་རྒྱས་ཀུན་འདུས་ཆོས་ཀྱི་སྐུ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ། མ་ནི་བཟོད་པའི་ཕ་རོལ་ཕྱིན། ཁྲོ་བ་མེད་པའི་བཅོམ་ལྡན་འདས། །བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཎི་ནི་ཚུལ་