[A:173]རྒྱལ་སྲིད་བསྐྱང་སྟེ། མ་བརྩིགས་ལྷུན་གྱིས་གྲུབ་པའི་སྐུ་མཁར་ཆེན་པོ་ཕོ་བྲང་འུམ་བུ་བླ་མཁར་གྱི་རྩེ་ལ་བཞུགས་པ་ལས། སྔོན་བཅོམ་ལྡན་འདས་ཀྱིས་འོད་མའི་ཚལ་ནས་ལུང་བསྟན་པ་བཞིན། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་ལ། ནམ་མཁའ་ནས་མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་དྲུག་མ། སྤང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཙིནྡྷ་མ་ནྀ་སཱཙྪའི་སྐོལ་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ཉི་མའི་འོད་ཟེར་ལ་འགྲོགས་ཏེ། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་བབས་པ་ལས། ཁྱེད་ནས་གདུང་རབས་ལྔ་ན་འདིའི་དོན་ཤེས་པའི་རྒྱལ་པོ་ཞིག་འབྱུང་བར་འགྱུར་རོ་ཞེས།
སྲོང་བཙན་སྒམ་པོ་ལ་ཟེར།
ནམ་མཁའ་ནས་ལུང་བསྟན། རྒྱལ་པོས་ཀྱང་རྟེན་དེ་རྣམས་ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། གཉེན་པོ་གསང་བ་ཞེས་མཚན་གསོལ་ནས། རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་ཕུལ་བས། དེའི་ཡོན་ཏན་གྱིས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་སྟེ། སྐུ་ལུས་གཅིག་ལ་སྐུ་ཚེ་གཉིས་ཐུབ་ཅེས་གྲགས་སོ། །རྒྱལ་པོ་དེས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ནོ། །དེ་ཡི་བང་སོ་རང་གི་ཡུལ་དུ་བཏབ། །ཡུལ་གྱི་མིང་ནི་ཕྱིང་ལུང་དར་ཐང་ཟེར། །བང་སོ་དེ་ཡང་ས་ཕུང་སྦྲ་འདྲ་ཡོད། །ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྲས་ཁྲི་སྙན་གཟུགས་བཙན། དེས་ཀྱང་གཉེན་པོ་གསང་བ་ལ་མཆོད་པ་བྱས་པས་ཆབ་སྲིད་རྒྱས་པར་བྱུང་ངོ༌། །དེ་ཡི་བང་སོ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་འཕུལ་མེད་ས་ཕུང་བརྡལ་བ་འདྲ། །དེའི་སྲས་འབྲོང་སྙན་ལྡེ་རུ། རྒྱལ་པོ་དེས་དྭགས་པོའི་ཡུལ་ནས་མཆིམས་བཟའ་ཀླུ་རྒྱལ། ཀླུ་མོ་ཡིན།
བྱ་བའི་བཙུན་མོ་ཞིག་བླངས་པས། སྲས་དམུས་ལོང་ཞིག་འཁྲུངས་པས། མིང་ཡང་དམུས་ལོང་དཀོན་པ་བཀྲ་ཞེས་གྲགས་