[A:195]འབྱོན་པར་མཁྱེན་ནས། ཙནྡན་དེ་སྟ་རེས་བཅད་པ་དང༌། སྐུ་བཞི་ལས་གསུམ་བྱུང་སྟེ། སྟོད་ཀྱི་དེ་ན་རེ། དལ་བུས་ཆོད་ལ་ང་མང་ཡུལ་གྱི་གྲོང་དུ་ཞོག་ཅིག་བྱ་བའི་སྒྲ་ཐོས། དེ་གཤགས་པའི་ནང་ནས། འཕགས་པ་ཝ་ཏི་ཞེས་བྱ་བ་ཞྀག་བྱོན་ནོ༑ ༑དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་གྲོང་ཁྱེར་ཡམ་བུ་ཡ་འགལ་དུ་ཞོག་ཅིག་བྱ་བའི་སྒྲ་བྱུང་ངོ༌། །དེ་གཤགས་པའི་ནང་ནས། འཕགས་པ་དབུ་གང་ཞེས་བྱ་བ་ཞྀག་བྱོན་ནོ། །དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་རྒྱ་གར་དང་བལ་པོའི་མཚམས་སུ་ཞོག་ཅིག་བྱ་བའི་སྒྲ་བྱུང་ངོ༌། །དེ་གཤགས་པའི་ནང་ནས། འཕགས་པ་ལྗ་མ་ལི་ཞེས་བྱ་བ་ཞིག་བྱོན་ནོ། །དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡི་དམ་ལ་འགྲོའོ་ཞེས་བྱ་བའི་སྒྲ་བྱུང་ངོ༌། །དེ་ནས་འཕགས་པ་ཝ་ཏི་ནི་མང་ཡུལ་གྱི་གྲོང་དུ་བཞུགས། འཕགས་པ་དབུ་གང་ནི་གྲོང་ཁྱེར་ཡམ་བུ་ཡ་འགལ་དུ་བཞུགས། འཕགས་པ་ལྗ་མ་ལི་ནི་རྒྱ་བལ་གྱི་མཚམས་སུ་བཞུགས་སོ༑ ༑སྐུ་དེ་གསུམ་བཞུགས་པའི་བྱིན་རླབས་ཀྱིས། གྲོང་ཚན་སོ་སོའི་དུས་མ་ཡིན་པར་འཆི་བའི་འཇིགས་པ་གསུམ་ལས་ཐར་རོ། །དེ་ནས་སྤྲུལ་པའི་དགེ་སློང་དེས་འཕགས་པ་ལོ་ཀེ་ཤྭ་ར་འདི་ད་ལྟར་པོ་ཏ་ལའི་རྩེ་ལ་བཞུགས། ཁརྶ་པ་ཎི་སྤྱན་དྲངས་ཏེ། བོད་ཀྱི་ཡུལ་དུ་ཕེབས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་ཕུལ་བས། རྒྱལ་པོ་ཤིན་ཏུ་དགྱེས་པར་གྱུར་ནས། ཡི་དམ་གྱི་ལྷ་དང་མཇལ་བས། ད་ནི་སེམས་ཅན་གྱི་དོན་བྱེད་པ་ལ་ཚེགས་མེད་དོ་དགོངས་སོ། །དེ་ནས་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་བྱ་བ་དེའང༌། སླར་འོད་དུ་ཞུ་ནས། རྒྱལ་པོའི་སྨིན་མཚམས་སུ་ཐིམ་པར་གྱུར་ཏོ། །རྒྱལ་པོའི་ཐུགས་དམ་གྱི་ལྷ་རྒྱ་གར་དང༌། བལ་