R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 60
[A:60]པ་དང་། གསང་འདུས་འཕགས་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་ཞུས། དེ་རྗེས་བླ་མ་མྱ་ངན་ལས་འདས་པའི་སྐུ་མདངས་མཛད། རྣལ་འབྱོར་ཉིད་དུ་ཐུགས་དམ་ལས་མི་གཡེལ་བར་བཞུགས་པ་ན། ཕྱིས་པཎ་ཆེན་བོད་དུ་ཕེབས་དུས་སློབ་མ་རྣམས་ཀྱིས་ལྷ་རྗེ་སྒོམ་པས་གདམས་ངག་ཐམས་ཅད་སྒྲོ་ལ་བྱིན་ནས་ཁོང་རང་གཤེགས་སོ་ཞེས་ཞུས་པས། སྒྲོ་སྟོན་གྱིས་པཎ་ཆེན་འཇལ་དུ་འོངས་པའི་དུས་སུ། དམ་ཆོས་གང་འདོད་སྦྱིན་ནོ་གསུངས་པ་ལ། གཞོན་དུས་སུ་ནི་གནང་དུ་མ་བཞེད། ད་རྒས་པས་མི་ཞུ་བྱས་པས། ཁྱོད་དཀོན་མཆོག་སྲུང་གི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུང་ནས་ཕྱག་བྱུགས། བླ་མ་ཆེན་པོའི་བཀའ་དྲིན་ལགས་ཞུས་པས། གང་གང་བྱིན་གསུང་། འདི་དང་འདི་རྣམས་གནང་ལགས་ཞུས་པས། དེ་ལས་ང་ལ་ཡང་མེད་ཐམས་ཅད་རྫོགས་པར་བྱིན་འདུག་སྟེ་གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ནས་མགུལ་ལ་ཕྲེང་བ་བཅུག །དེར་བླ་མས་ནི་རྫོགས་པར་མ་གནང་བླ་མ་སྒོམ་པ་ལ་ཞུས་པ་ལགས་མོད། ཞུས་པས་ཕྲེང་བ་ཕུད་དེ་ངན་པ་འདི་གསུངས་ནས་དབུ་ལ་བྱེ་མ་སྦྱར་གང་བརྒྱབ། རེ་ཤིག་ན་ད་འོ་ན་ཁྱོད་ཀྱིས་གཞན་ལ་སྟོན་ལ་མགོ་ལུས་ཚང་བར་བྱིན་ཅིག་ཅེས་རྗེས་སུ་གནང་བ་ཡང་ཐོབ། སྒྲོ་སྟོན་གྱི་རང་གི་ཡོ་བྱད་ཡོད་དོ་ཅོག་ཕུལ་བས་པཎ་ཆེན་མཉེས་ཏེ། དབང་རྣམས་རྫོགས་པར་བསྐུར། རྒྱུད་འགྲེལ་གྱི་བཀའ་གནད་རྣམས་དྲི་གཏུགས་མཛད་ཅིང་གསན། དེ་ལྟར་པཎ་ཆེན་དང་བླ་མ་སྒོམ་པ་ལས་སེམས་འགྲེལ་སྐོར་གསུམ། གཞུང་གདམས་ངག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ནས། ཆོས་ཕྲན་བག་རེ་གསུང་ཞིང་སློབ་མ་ཐམས་ཅད་ལ་སོར་བསམ་གནང་ནས་སྒོམ་པ་ཁོ་ན་ལ་བཙུད་དེ། གཞུང་བཤད་མི་མཛད་པ་ལས། དགུང་ལོ་བདུན་ཅུ་རྩ་གཉིས་བཞེས་པ་ན་གྲུབ་ཆེན་ཡུ་མོ་ལ་ཆོས་བསྐོར་རྫོགས་པར་གནང་སྟེ། དགུང་ལོ་བརྒྱད་ཅུ་ལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་བཞུགས་སོ། །དེའི་ཕྱི་རྟེན་སྒྲོ་རིགས་གནས་སྒང་ན་བཞུགས་པ་ཞིག་པའི་ས་འབུར་ཙམ་ལས་