R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 81
[A:81]ལྔ་དྲུག་དུས་མཉམ་དུ་གནང་། ཁྱད་པར་དུ་མཁའ་སྤྱོད་བདེ་ལྡན་དུ་བྱོན་པའི་ཚེ། ཆོས་རྒྱལ་རིགས་ལྡན་སོགས་བཀའ་བརྒྱུད་ཀྱི་བླ་མ་རྣམས་བྱོན་ནས་བྱིན་རླབས་དང་ལུང་བསྟན་མཛད། སེ་མཁར་ཆུང་དུ་ཐོག་མ་དང་། སེངྒེ་རྫོང་དུ་བར་དང་། གནས་དེར་མཐའ་མར་དགེ་བའི་མཚན་མ་ཐོབ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་རྩ་འགྲེལ་དང་། ཐོག་མཐའ་བར་དགེའི་ཁྲིད་ཡིག་མཛད། དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་འདུས་པ་ལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་གསང་སྔགས་གསར་རྙིང་གི་དབང་བསྐུར། རྒྱུད་འགྲེལ་གྱི་བཤད་པ། མན་ངག་གི་ཁྲིད་རིམ་རྣམས་རྒྱ་ཆེར་བསྩལ། ས་སྐྱ་དཔོན་ཆེན་སྐྱེ་བོའི་ཚོགས་མང་པོ་ལའང་སོ་སོའི་སྐལ་བ་དང་འཚམ་པར་ཆོས་ཀྱིས་ཚིམ་པར་མཛད་པས་ཇོ་ནང་པ་ཆེན་པོ་ཞེས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། ཆུ་ཕོ་བྱི་བ་ལོ་ལ་མར་མེ་འཆི་ཁར་གསལ་བྱ་བ་ཡིན་གསུང་སྐུ་ཁམས་བཟང་བའི་ངང་ནས་སློབ་མ་རྣམས་ལ་ཆོས་རྣམས་རྫོགས་པར་གཏད། དེ་ནས་དགུན་སྨད་སྐུ་ཚེའི་འདུ་བྱེད་བཏང་ཡང་བྱང་སེམས་རྒྱལ་བ་ཡེ་ཤེས་པ་གདན་ས་ལ་བསྐོ་བའི་ཕྱེད་དུ། སྲོག་རྩོལ་ལ་བརྟེན་ནས་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཟླ་བ་ཕྱེད་ཙམ་ན་བྱང་སེམས་པ་ལ་མགུར་ཆམ་བྱུང་ཡོད་པ་ལ་ཕན་ན་མྱུར་དུ་ཤོག་གསུང་བས་བྱོན་པ་ན། ང་ད་ལོ་མེ་ཏོག་ཁྲ་ཆིལ་བའི་དུས་ན་འཆི་རྩིས་ཡིན་པ་ལ་མདང་ཞག་གློ་བུར་དུ་རྩ་བསྡུས་པ་གཅིག་བྱུང་། ངེད་འཆི་དུས་ཁྱེད་དང་འཕྲད་དགོས་པ་ལ་མ་སླེབས་པས། ང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཡིན། ཁྱེད་ཀྱིས་བརྡུངས་ན་ངས་བསྲིངས་པ་ཆོས་སྙམ་སྟེ་རླུང་སྦྱོར་འགའ་བྱས་པས་རྩ་སོར་ཆུད་དེ་འཆི་བ་བསླུས་བདོག་གསུང་། སྐུ་ཁམས་བཟང་ཞིང་ཕྱག་རྩ་བདེ་ན་གཤེགས་པའི་རྟགས་ཅི་ལགས་ཞུས་པས། རླུང་སེམས་ལ་དབང་ཐོབ་ན་འགྲོ་བ་ལ་རྟགས་ཅི་དགོས། དོ་ཞག་ངས་བར་དོར་ཕྱིན་ནས་འཇིག་རྟེན་གྱི་ཁམས་མང་པོའི་བར་དོའི་སེམས་ཅན་ཚད་མེད་པ་བསྒྲལ། སངས་རྒྱས་ཀྱི་ཞིང་མང་པོ་བལྟས་ཞིང་། བདེ་བ་ཅན་དང་། དགའ་ལྡན་དང་། ཤཾ་བྷ་