R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 52
[A:52]པའི་འོད་དང་དོན་དམ་བསྙེན་པ་མཛད། ལོ་བརྒྱར་ཆོས་བསྟན། དེ་བཞིན་དུ་དེའི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ། དེའི་སྲས་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ། དེའི་སྲས་རྨུགས་བྱེད་ཀྱི་སྤྲུལ་པ་གཤེས་གཉེན་བཟང་པོ། དེའི་སྲས་སྒྲིབ་སེལ་སྤྲུལ་པ་ཕྱག་དམར། དེའི་སྲས་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ། དེའི་སྲས་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས། དེའི་སྲས་བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་། དེའི་སྲས་ཕྱག་རྡོར་གྱི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ། དེའི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ། དེའི་སྲས་ས་སྙིང་གི་སྤྲུལ་པ་ཉི་མ་དང་། དེའི་སྲས་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། དེའི་སྲས་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། དེའི་སྲས་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། དེའི་སྲས་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། དེའི་སྲས་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང་། དེའི་སྲས་ཕྱག་རྡོར་གི་སྤྲུལ་པ་སེངྒེ་དང་། དེའི་སྲས་གཤིན་རྗེ་གཤེད་ཀྱི་སྤྲུལ་པ་རྣམ་པར་གནོན་པ་དང་། དེའི་སྲས་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། དེའི་སྲས་སྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། དེའི་སྲས་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེངྒེ་དང་། དེའི་སྲས་མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། དེའི་སྲས་ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང་། དེའི་སྲས་འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་དྲག་པོ་འཁོར་ཅན་བྱུང་ངོ་། །དེ་དག་ལས་གཟི་བརྗིད་ཅན་དང་། མ་ག་དྷའི་གྲོང་ཁྱེར་སྐྱ་བོའི་བུར་སྟོབས་ཀྱི་འཁོར་ལོས་སྒྱུར་པ་ཆོས་རྒྱལ་མྱ་ངན་མེད་བྱུང་པ་དུས་མཉམ། སྣ་ཚོགས་གཟུགས་དང་། སློབ་དཔོན་ཀླུ་སྒྲུབ་བྱོན་པ་དུས་མཉམ། དེའི་སྐུ་ཚེའི་རིང་ལ་རིགས་ལྡན་རྣམ་རྒྱལ་ཡན་ཆད་རྫོགས། རྣམ་རྒྱལ་རྒྱལ་སར་བསྐོས་པ་དང་། འཕགས་པ་ཐོགས་མེད་བྱོན་པ་དུས་མཉམ་མོ། །རིགས་ལྡན་དྲག་པོའི་སྲས་ལ་གཉིས། འཇམ་དཔལ་གྱི་སྤྲུལ་པ་ལྷའི་དབང་པོ་དང་། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ཚངས་པའོ། །དེ་གཉིས་ཀྱི་རྒྱབ་དང་མདུན་གྱི་དུམ་བུར་ཆོས་སྟོན་ཞིང་། དེར་རྗེས་འོད་སྲུང་ལ་སོགས་པའི་མི་བདག་