R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 56
[A:56]ཟེར་བ་ལ། མཐོང་ཚད་ཟིན་པར་འདོད་བྱས་ཀྱང་འོང་བ་ཡིན་པ་ལ། བློ་ཚུལ་བས་ཞུམ་པས་བྲིས་ཚད་ཟིན་པར་འདོད་བྱས་པས་དེ་ལྟར་བྱུང་པས། པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ། ཁ་སར་པ་ཎིའི་གཙུག་ལག་ཁང་དུ་བྱུང་། དེས་སློབ་དཔོན་དུས་འཁོར་ཞབས་ལ་རྒྱུད་དུ་ཤེས་དྲིས། སློབ་དཔོན་གྱིས་ལན་གསུངས་པས། རྒྱུད་ཀྱི་མཚན་ཙམ་ཡང་འཛིན་པར་མ་ནུས། དེ་ལ་སློབ་མ་མང་པོ་བྱུང་པ་ལས་ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་བཤད་པའི་སྲོལ་འཛིན་པ་སྲས་ནཱ་ལེནྡྲ་པ་དུས་འཁོར་ཞབས་ཆུང་བར་གྲགས། སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་སྐད། དེའི་དུས་ཁ་ཆེར་བྲམ་ཟེ་གཅིག་གི་བུ་ཟླ་མགོན་བྱ་བ་བློ་ཤིན་ཏུ་རྣོ་བ་ཞིག་བྱུང་པས། ཡབ་མུ་སྟེགས་བྱེད་ཀྱི་ཆོས་རྣམས་ལོ་བཅུ་གཉིས་ལ་ཤེས། ཡུམ་སངས་རྒྱས་ཡིན་པས་ངའི་ཆོས་སློབ་དགོས་ཟེར་ནས། ཁ་ཆེ་བྲམ་ཟེ་ཞབས་ཞེས་བྱ་བའི་པཎྜི་ཏ་ལ་ཉན་དུ་བཅུག་པས་ནང་པའི་ཆོས་མང་པོ་གསན། དེ་ནས་དབང་མདོར་བསྟན་གྱི་དཔེ་གཟིགས་པས་ཤིན་ཏུ་མོས་ཏེ། མ་ག་དྷར་བྱོན་པ་དང་། དུས་འཁོར་བ་ཡབ་སྲས་མཇལ་བྱོན་ནོ། །བྱང་ཆུབ་སེམས་དཔའི་ཆོས་སྐོར་རྣམས་ཞུས་སོ། །མཁས་པ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པས་ཟླ་མགོན་ལ་ཐོབ་རིན་ཆེན་རྡོ་རྗེ་ན་རེ། ང་ལ་སློབ་མ་མི་དད་པར་འོངས་གཞན་དུ་བྱོན་གསུངས། དེ་ནས་ཆོས་འདི་བོད་དུ་སྤེལ་དགོངས་ནས་བོད་དུ་བྱོན་ནོ། །དེ་ནས་གསུམ་པ་ལ་འབྲོ་བའི་ལུགས་དང་རེ་པའི་ལུགས་སོ། །དང་པོ་ནི། དེ་ནས་ཁ་ཆེ་ཟླ་མགོན་བོད་དུ་བྱོན། ཁ་རག་གཉོས་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜིཏ་མ་མགུ་བར་འགྲེལ་པ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་གྲབས་སུ་བྱོན། ཞང་ཕོ་ཆུང་བས་བླ་མར་བཟུང་། འབྲོས་ལོཙཱ་བ་བྱས་ནས་ཡོངས་སུ་རྫོགས་པར་བསྒྱུར། གཉོས་ཀྱིས་ཞང་སྟོན་ལ། ཁྱོད་ཀྱིས་ངའི་བླ་མ་ཕྲོགས་པ་ཡིན་པས། སྦ་གསེབ་ཏུ་ཡུངས་དཀར་ཙང་ངེ་བ་ཞིག་བྱ་ཡི་ཟེར་བ་ལ། ཁྲོ་བོ་བརྒྱ་