R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༥ན
[A:༥ན] པ་ན། ཆོས་རྗེ་གཉག་ཆེན་པའི་གསུང་གིས། ཁོ་བོའི་ཚ་བོ་འདི་ལ་མགོ་སྣ་ལེགས་པོ་ཡོད། ཚོགས་སུ་ཁྲིད་ལ། རེ་ཞིག་སྤྱོད་ལམ་འདྲ་བ་སློབས། མིང་ང་རང་གི་བཏགས་པ་འདི་ཁ་ལ་འོང། དགེ་ཚུལ་གྱི་སྡོམས་པ་བྱིན་གསུང། དེར་རབ་ཏུ་བྱུང་བའི་ཡོ་བྱད་རྣམས་བསགས་པ་ན། རྗེ་པ་རང་གི་ཨ་ནེ་གཅིག་ཡོད་པ་དེས་ཕྲུག་ལ་བྱས་པའི་སྟོད་གཡོགས་གཅིག་ཁྱེར་བྱུང་པ་ལ། མཁེན་པའི་ཞལ་ནས། སྤུ་ཅན་ཆོས་གོས་གསུམ་དུ་བྱིན་གྱིས་མི་སླབ་བྱ་བ་ཡིན་པས། འདི་ཕར་ལ་བསྡུས་གསུང། འདི་འདུལ་བའི་གདའ་ཆད་ཆགས་པའི་ཐོག་མ་ཡིན་གསུང། དེ་ནས་སློབ་དཔོན་དཔལ་ལྡན་བརྩོན་འགྲུས་པ་ལ་གནས་ཀྱི་བླ་མ་བཅོལ། འདུལ་བ་མདོ་རྩ་དང། མེ་ཏོག་ཕྲེང་རྒྱུད་ཀྱི་གཞུང་བཟུང། སློབ་དཔོན་གཞོན་ནུ་འབུམ་ལ་ཆོས་སྤྱོད་ཕལ་མོ་ཆེའི་ལུང་དང། ཕྱག་ཁྲིད་སླབས། མཁེན་པའི་དྲུང་དུ། འདུལ་བའི་ཆོས་ཉམ་པ་ལ་བྱོན་དུས། འཇིག་རྟེན་སངས་རྒྱས་འབྱུང་པ་རྒྱ་ལམ་སྟེ། མིའི་ལུས་འདི་ཚེགས་ཀྱིས་རྙེད་པ་ཡིན། ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། འདི་འདྲ་བསྐལ་པ་རྒྱར་ཡང་རྙེད་པར་དཀའ། ཅེས་གསུང་བ་ན། ཤིན་ཏུ་མད་དགོངས་པ་བྱུང། བྱང་ཆུབ་སེམས་ཀྱིས་ཀུན་ནས་སླངས་ཏེ། ཆོས་ཀྱི་ཆེད་དུ་ཡོན་འབུལ་བ་དང། འཆད་ཉན་གྱི་སྐྱོན་སྤོང་བ་དང། དཀའ་སྤྱད་ལ་སྐྱོ་ངལ་མེད་པ་དང། སྤྲོ་བ་དང། དེའི་དོན་ལ་རྩེ་གཅིག་ཏུ་སེམས་པ་དང། དེའི་དོན་རྣམ་པར་འབྱེད་པའི་ཤེས་རབ་དང་ལྡན་པས། མདོ་རྩ་བ་དང། མེ་ཏོག་ཕྲེང་རྒྱུད་དང། འོད་ལྡན་དང། དགེ་ཚུལ་གྱི་ཀ་རི་ཀ་རྣམས་བསན། ཐུགས་སུ་ལེགས་པར་ཆུད་པར་མཛད་དོ། བཙུན་ཆུང་གི་དུས་ཐོག་མར་བསྐོར་ཤོམ་གྱིས་གསུང། དེའི་ཚེ། གཞན་སྣང་དུ་རྣལ་ཤིན་དུ་ཆེ་བ་སྐབས་རེ་ཚོགས་པའི་གདན་གྲལ་འགྲིག་ནས་ཅག་དི་རི་རི་བྱུང་པ་དང། སྣལ་སད་པ་དང། གདན་དུང་གི་དུས་སྣལ་མ་སད་པར་གྲལ་མཛེས་ལ་རྔན་པ་བྱིན་གྱིན་གཉིད་སོད་ཟེར་དགོས་པའང་གསུང། དེའི་དུས་ན། རྣལ་ལམ་དུ་སངས་རྒྱས་ཀྱི་
ཞིང་
མཐའ་ཡས་སུ་བྱོན་པ་དང། སངས་རྒྱས་མང་པོས་ཆོས་གསུངས་པ་དང་