[A:༡༤ན] ལྟའོ་ཟེར། འགྲེལ་པ་ཕྱག་དུ་ཕུལ་བས། ཁྱེད་གཉིས་ཀ་བདེན་པར་འདུག། འདི་སྟོད་ཡ་གི་ལ་རྙེད་པ་ཡིན་འདུག་ཟེར། ཆོས་སོ་ཐ་དད་དུ་གཏད། དེ་ནས་གཟུང་སྟེ། གྲུབ་མཐའ་ཆ་ལ་བརྩོད་དགོས་པ་མང་དུ་བྱུང་ཀྱང་ཕམ་མ་མྱོང་གསུང་ སློབ་གཉེར་གྱི་དུས་ཤ་དུམ་རེ་ཟ་ཡི་ཡོད་པ། ནམ་གཅིག་འཇམ་དབྱངས་པ་ན་རེ། ཇོ་གདན་གྱི་སྐ་གསེབ་ནས་གྲི་བཏོན་ཤ་ཟ་བ་འདི་རང་འཇིགས་གསུང་པ་ཤིན་དུ་ངོ་ཚ། དེ་ནས་དཀར་གསུམ་དང། སྟན་གཅིག་གི་དང་ཚུགས་འདི་འཆོར་མ་མྱོང་གསུང། མདོར་ན་བསླབ་པ་གསུམ་ལ་གཅེས་སྤྲས་མིག་གི་འབྲས་བུ་ལྟར་མཛད་པ་ཡིན་འདུག་གོ དེས་ན་རྣམ་འཕྱང་ཞེས་བྱ་བ་ས་ཕོ་ཁྱིའི་ལོ་ལ་བསྙེན་པར་རྫོགས་པ་ནས་བཟུང་སྟེ། ཞི་བ་ཞེས་བྱ་བ་ས་མོ་བྱའི་བར་ལོ་བཅུ་གཉིས་ཀྱི་རིང་ལ། ཕྱི་ནང་གི་སློབ་གཉེར་མཐར་ཕྱིན་པར་མཛད། དེ་ནས།
མིག་དམར་ཞེས་བྱ་བ་ཤིང་ཕོ་བྱི་བའི་ལོའི་བར་ལོ་བཅོ་ལྔའི་རིང་ལ། མཚན་ནི་ཐེག་པའི་བཤད་ཉན་མཛད། བཟང་ལྡན་དགེ་འཕེལ་ཞེས་པའི་བཤད་གྲྭའི་རྒྱུན་ཚུགས། མཆད་ཉན་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་པ་ཡིན་ནོ།
Invited by Gong ma grags pa rgyal mtshan
དེ་ནས། སྒོམ་གཅིག་རང་བྱེད་དུ་འགྲོ་དགོས་པའི་འདུན་པ་དྲག་པོ་ཡོད་པའི་དུས་སུ། སྣེ་གདོང་ནས་གོང་མ་མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གདན་དྲངས། ཚོགས་ཀྱི་དབུ་མཛད་ལ་འབོད་མི་བྱུང་པ། འབྲོས་པར་རྩམས་ནའང། ལ་སྟོད་བྱང་པས། བཀའ་ལུང་གི་འཇིགས་པ་མ་བཟོད་པར་འབྲོས་ས་མ་རྙེད་པར་དབུས་ལ་ཡོང་དགོས་པ་བྱུང། མར་ལམ་ཕུང་པོ་རི་བོ་ཆེའི་ཐད་ཀྱི་ཐང་དེ་ལ་ཡོང་དུས། ནམ་མཁའ་དང་རིག་པ་དབྱེར་མེད་དུ་འདྲེས་ནས། འཇིག་རྟེན་གྱི་ཁམས་བྱིན་སེམས་ཀྱི་ཁྱབ་པ་སྣང་བ་ཐམས་ཅད་རང་གི་སེམས་སུ་སོང་ནས། སྣང་སེམས་དབྱེར་མི་ཆེད་པའི་ཉམས་རྡ་ཕྱགས་ཕྱེད་ཙམ་གྱི་བར་དུ་བྱུང་གསུང། རིན་དཔུངས་སུ་ཕེབས། དེ་ནུབ། སློབ་དཔོན་ནམ་རྒྱལ་བས་ཆོས་ཀྱི་འབྲེལ་པ་ཞུས། དེ་ན་ངུར་རྨིག་དངོས་ལ་བྱོན་པའི་ལམ་ཁར། སྐྱོག་པོ་དགོན་པའི་