[A:༡༤བ] བླ་མ་གཅིག་ལ། ཐོད་པ་མཚན་གསེར་གྱི་མདོག་ཡོད་པའི་ཁྱད་པར་ཅན་གཅིག་ཡོད་པ་དེ། སང་འདི་ན་མར་རྟ་མགྲིན་གྱི་སྤྲུལ་པ་གཅིག་འབྱོན་པར་ཡོད་པ་དེ་ལ་ཕུལ་ཟེར་བའི་རྨི་ལམ་བྱུང། སང་དེ་ལམ་ཁར་དགུགས་པས་རྗེ་པ་དཔོན་སློབ་བྱོན་དང་འཇལ། གཞན་ནི་སུ་མ་བྱོན་འདི་ག་ཡིན་པར་འདུག་ཟེར་ནས་ཐོད་པ་ཕུལ། རྟ་མགྲིན་ཆོས་བསྐོར་འགའ་ཞུས་གསུང། ཐོད་པ་དེ་དུས་ཕྱིས་སློབ་དཔོན་བསོད་རྒྱལ་གྱི་གོ་མ་ཆོད་པར་ཕོ་རོག་གིས་ཁྱེར་ནས་ཅག་འདུག། དེ་ཉིན་ཡུལ་ལྷ་བ་དཔོན་ས་པ་བུ་ཆུང་ཚེ་མ་གཉིས་འདུག་པའི་གཅིག་གིས་སྒྲ་མི་ཤེས་པ་ལ། རྗེ་པ་དཔོན་སློབ་འཇལ་དུ་ཡོངས་བྱིན་རླབས་ཞུས་པས། སྒྲ་མི་ཤེས་པ་དེའི་རལ་ལུ་ན་བཟུང། ཁར་ཞལ་ཆབ་བཏབ་པས་ཧགས་ཧགས་ཟེར། དེ་འཕྲལ་ལ་སྒྲ་ཞེས་པ་བྱུང་ནས་ཤིན་དུ་དད་པར་གྱུར་སྟེ་སྦྱིན་བདག་གིས་གཙོ་བོ་བྱས། བྱིས་པ་དེ་གཉིས་ནི། ད་ལྟའི་དཔོན་བཟང་པ་དང་། དཔོན་སྐྱིད་པ་གཉིས་ཡིན་པར་སྣང།
Visit of Gong dkar
དེ་ནས་གོང་དཀར་དུ་ཕེབས་དེ་དགོངས་གཞིས་ཁ་ན། ཟུལ་ཕུ་བ་དང་། གསང་ཕུ་གླིང་སྟོད་སྨད། བདེ་བ་ཅན་རྣམས་ཀྱི་གདན་ས་བའང་བྱོན་འདུག་པ་དགོངས་ཇ་གཅིག་ལ་མཉམ་པོ་བྱུང། ཐམས་ཅད་ལ་གོས་འབོལ་སུམ་སྟན་སྙེལ་འབོལ་དང་བཅས་པ་རེ་འདུག། ཆོས་ཀྱི་འབྲེལ་གཏམ་བྱུང། རྗེ་པས། བདེ་བཤེགས་སྙིང་པོའི་བཤད་པ་དང། གཞན་པ་སྟོང་གི་གྲུབ་མཐའ་བསྐྱངས་པས། དྲུང་གེ་སར་ཆོས་རྒྱལ་བ་མཉེས་ཏེ། སང་ཞོགས་ཁོ་རང་གིས་སྤོས་ཕོར་གྱིས་གསུས། བཞུགས་ཁྲིའི་གཡས་སུ་གོས་འབོལ་གསུམ་རྩེགས་ནས་འདུག་པ་ལ། ཞུ་བ་ཕུལ་བས་མ་གསན། "ཁྱོད་རང་ཚོགས་ཀྱི་མཁན་པོ་བྱེད་ནའང་གྱིས་ཡོན་བདག་ངས་བྱེད་པ་ཡིན། མི་བྱེད་ནའང་བཞོག། ངའི་རྩ་བའི་བླ་མ་དེ་ཁྱེད་ལ་འཆོལ་བ་ཡིན"་གསུང་ནས། གདན་དེ་ལ་སྡོད་དགོས་པ་བྱུང་གསུང།
དེ་ནས་ཡར་ལུང་དུ་ཕེབས། དེ་གོང་ཐན་པ་ཆེན་པོ་བྱུང་འདུག་པ་ལ། སླེབ་པའི་དགོངས་ཆར་ཆེན་པོ་བབ་པས། བྱིན་གྱིས་དགེ་འདུན་སྒང་པའི་མཁན་པོ་སོ་མ་གཅིག་