R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༤ན
[A:༤ན] བའང་བྱུང། ཡུམ་ན་རེ། ཉིད་ཅག་རྣམས་ཟེར་བ་བཞིན། ངའི་བུ་འདི་ལུས་ལ་ཆགས་པ་ནས་ད་ལྟ་ཕན། སེམས་ལ་སྡུག་བསྔལ་དང་། ལུས་ལ་སྐྱེ་འཁུར་གྱི་ན་ཚ་དང། བི་ཙ་གཞན་ལ་འོང་བ་བཞིན་ཡེ་མ་བྱུང། འདི་རང་དགའ་རབ་གཅིག་ཡིན་འདུག རྨི་ལྟས་ཡང་བཟང་གསུང་ནས་ཤིན་དུ་བྱམས་པར་མཛད་དེ། ལོ་གསུམ་གྱི་བར། མར་བུ་རམ་ཁོ་ནས་གསོས། ཡུམ་གྱིས་བསྙུང་གནས་མཛད་པའི་ཕྱག་གི་ཞོར་འདེགས་དང། ཡིག་ངོ་ཡང་མཁྱེན། ཨོཾ་གསུམ་མ་དང། བཅུ་གཅིག་ཞལ་གྱིས་གཟུངས་རིངས་ཐུགས་ལ་ཟིན་པ་བྱུང་པ་དང། ཡུམ་གྱི་དགོངས་པ་ལ་ཀློག་མཁས་པ་གཅིག་སློབ་དགོས་དགོངས་ནས་རི་ཕུག་ཅིག་ཏུ་རྐྱལ་བ་ན། དེའི་ནུབ་མོ་ཟླ་བ་སྒྲ་གཅན་གྱིས་བཟུང། གྲོ་པ་བྱིན་ཟླ་བའི་རིམ་འགྲོ་ལ་འཚོགས། རྗེ་པ་གཅིག་པུ་ནང་དུ་བཞག། དེར་བཞུགས་མ་ཚུགས་པར་གཟིགས་པས་ཤིན་དུ་འཇིགས་པར་བྱུང། འདི་རྒྱུན་དུ་ཡོང་པ་ཡིན་འདུག་དགོངས་ནས་སང་ནམ་ལངས་འབྲལ་ལ་ཡུམ་གྱི་སར་བྲོས་བྱོན། དེ་ནས་ཡུམ་རང་ལ་ཀློག་འདོན་བསླབས་པས་མཁས་པར་མཁྱེན། རྩེད་གྲོགས་ཀྱི་བྱིས་པ་གཅིག་ཡོད་པ་དང་ཀློག་འགྲན་མཛད་པས། ཀློག་ཁོ་བཟང་པར་མེད་དེ་ ངས་སྔར་གསེར་འོད་ལ་ཀློག་དར་བྱས་པས་བློ་ལ་ཡོད་པ་སྟོན་པས། ཐམས་ཅད་ང་ལ་ངོ་མཚར་དུ་བྱེད་པ་བྱུང། དེ་དུས་ལོ་བཞི་པ་ཡིན་
གསུང།
དུས་ཕྱིས་ང་དགེ་བཤེས་དགའ་རབ་གཅིག་ཏུ་ལོངས་ཡོད་ཙ་ན། ཁོ་ཡང་། རྟ་གསུམ་རེ་ཙམ་ཡོད་པའི་ཞོར་འདྲ་དགའ་མོ་གཅིག་བྱུང་འདུག་སྟེ། ཚེ་རིང་པོ་མ་བྱུང་པར་སྔ་མོ་ནས་ཤི་འདུག། ང་ལ་དུས་དེ་རྩ་ན་བྱིས་པ་མང་པོས་བསྐོར་ནས་ཆོས་ཤོད་ཟེར་རྡོ་ཁྲི་རེ་རྩིགས་ནས་དེའི་ཁར་འཇོག། ངས་གསེར་འོད་རེ་འདོན་བྱེད་པ་གཅིག་ཡོད་པ་ཡིན་ཞེས་
ཞལ་མངའ་ནས་
གསུང་ངོ། ལོ་ལྔ་བཞེས་ནས་འཇིག་རྟེན་དབང་ཕྱུག་གི་བསྙུང་བར་གནས་པའི་ཚུལ་ལ་ལོ་བདུན་སྦྱངས། བསྟན་པའི་བདག་པོར་སྤྱན་རས་གཟིགས་ཀྱིས་བསྟན། རྣམ་ཐོས་སྲས་ཀྱིས་རྒྱལ་མཚན་ཕུལ་ལ་འདུད། དེ་ཡང་འདི་སྐད་ཐོས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པའི་བསྙུང་བར་གནས་པ་ཁྲི་ཚོ་གཅིག་བཏང་བས་འཕགས་
པ་
ཞལ་གཟིགས།