R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 75
[A:75]ཆེན་དགེ་བའི་བཤེས་གཉེན་ཡོངས་སུ་དག་པ་ཞིག་གང་ན་ཡོད་པ་བཙལ་བར་བྱའོ་སྙམ་པ་ཉིན་མཚན་དུ་ཐུགས་ལ་འཁྲུངས་པའི་སྐབས་ཞིག་ཏུ། སྤ་སྐོང་དབོན་པོ་ཞེས་བྱ་བ། ཆོས་རྗེ་རྗེ་བཙུན་རེད་མདའ་བའི་གྲྭ་པ་ཡིན་པའི་དགེ་བཤེས་ཕར་ཚད་ཀྱི་སྟོན་པ་དབུས་གཙང་ན་བཟང་ཚད་དུ་བྱེད་པ་གཅིག་ཡོད་པ་དེ་དཔོན་སློབ་འགའ་རེས་རྗེ་བཙུན་ཆེན་པོའི་ཞབས་དྲུང་ནས་དབུས་ཕྱོགས་སུ་འབྱོན་རྩིས་མཛད༑ དེ་ཕྱིར་ལམ་བྱང་འགྲིམས་བྱས། སྟག་ཚང་རྫོང་ཁ་ན་ཆོས་རྗེ་ལོ་ཆེན་ཐམས་ཅད་མཁྱེན་པ་འཆད་ཉན་དམར་བའི་སྒང་ལ་བཞུགས་པ་དང་འབྱལམཇལ་། དང་པོར་སྟོན་པ་བཟང་པའི་ང་རྒྱལ་གྱིས་སྒྲོ་སླེང་[-] གླེང་ཐར་ཐོར་གཏོང་པའི་ཞུ་སྤོབས་བྱས་ནའང༌། ཉི་མ་འགའ་ཟུང་ནས༌། ཆོས་གསུང་བ་དང་འབེལ་གཏམ་མཛད་པའི་གསུང་ཟེར་གྱི་ཉི་མ་བཟོད་པར་དཀའ་བས་བློ་གྲོས་ཀྱི་མིག་ལོང༌། དད་པའི་པད་མོ་རང་དབང་མེད་པར་རྒྱས། བསྟོད་ཚིག་གི་དྲི་གསུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱེད་པའི་སྦྱོར་བ་ལྷུར་བླངས་ཏེ། དབུས་སུ་ཕེབས་པས། སེམས་དཔའ་ཆེན་པོ་འདི་དང་མཇལ། ཁྱོད་ཀྱིས་གཙང་ལ་བྱོན་ན༑ ཡར་བྱོནཕྱོགས་ན་ད་ལྟ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཅི་འདྲ་བཞུགས་འདུག་ཅེས་གསུངས་པས་ན། དེང་སང་དཔལ་ལྡན་ས་སྐྱ་ན། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཞེས་བྱ་བ། ཡོན་ཏན་གྱིས་ལུས་ཡོངས་སུ་རྫོགས་ནས་འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་ནས་བཞུགས་ཏེ། དེ་བས་ཀྱང་གཙང་སྟག་ཚང་རྫོང་ཁ་ན། ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོ་ཞེས་བྱ་བ། བླ་མ་དེའི་ཡང་བླ་མའི་གཙོ་བོར་འཛིན་པ། མཁས་བཙུན་བཟང་གསུམ་གྱི་ཆ་ལ་གངས་ཅན་ན་འགྲན་ཟླ་དང་བྲལ་བ། ཕྱི་ནང་གི་གསུང་རབ་མཐའ་དག་ལ་བློ་