R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 88
[A:88] རྒྱས་པར་ཁོ་བོའི་ཐོབ་ཡིག་ན་གསལ་ལོ། གཉིས་པ་ནི། དེ་ལྟར་རང་གི་ཆོས་ཡོངས་སུ་རྫོགས་ནས། བསྟན་པ་དང་སེམས་ཅན་སྤྱིར་དགོས་ལ་བྱ་བ་རྒྱ་ཆེར་མཛད་དེ། འདི་ལྟར། ཁྱད་པར་སྐྱབས་མཆོག་ཡབ་སྲས་གདུང་འཚོབ་ཅིང༌། །ཆོས་ཀྱི་རྒྱལ་སྲིད་ཀུན་ལ་མངའ་སྒྱུར་ཏེ།། ནག་ཕྱོགས་བྱམས་པའི་གསུང་གིས་འཇོམས་མཛད་པའི། །རྒྱལ་ཚབ་ཟླ་མེད་ཁྱོད་ལ་སྙིང་ནས་འདུད། །ཅེས་པ་སྟེ། གཙོ་བོར་དྭངས་ཚུགས་ཀྱི་ཕྱག་ལེན་དོག་ཕྱོགས་ནས་འགེགས་པ། སིངས་པོ་མིང་དུ་བཏགས་པ་ཙམ་ཡང་མི་བཞེས་པ་དང༌༑ ཤ་སྐམ་པོ་ལ་ཡང་མེ་རུང་བ་མི་བྱེད་པ་དང༌། ཚོགས་སུ་དབྱིབས་རུང་ལ་བརྟེན་པ་དང༌། བླ་མ་དང་རྟེན་གྱི་དྲུང་དུ་འཆིལ་ལྷམ་མི་བསྒོ་བ་སོགས་པ་རྣམས། ཆོས་རྗེ་རྣམ་གསུམ་གྱི་ནང་ནས་ཀྱང་ཆོས་རྗེ་ལོ་ཆེན་གྱི་ཕྱག་ལེན་གཙོ་བོར་མཛད་ཅིང༌༑ ཆོས་འཁོར་གྱི་གདན་སར་མ་ཕེབས་གོང་ནས་ཀྱང༌། ཆོས་རྗེ་ལོ་ཆེན་གྱི་ནང་རྟེན་དང་ཕྱི་རྟེན་བཞེངས་པ་དང༌། གཙུག་ལག་ཁང་ཆེན་མོ་བཞེངས་པ་སོགས་ཀྱི་དོ་དམ་ཐིག་ལེན་མཛད་དེ། དེ་དག་གི་ཆེད་དུ་བྱང་གི་དུར་ཁྲོད་དུ་དགེ་བསྐུལ་ལ་སྐབས་དང་སྐབས་སུ་བྱོན་ཅིང༌། དེ་ལ་བརྟེན་ནས། དུས་མཆོད་གཞི་རྟེན་གྱི་དགེ་རྒྱུ་སྟོབས་ཆེན་འཛུགས་པ་དང༌། གཙོ་བོ་དང་ཚུགས་ཀྱི་བསླབ་ཁྲིམས་བཅའ་ཡིག་འཆའ་བ་དང༌། དེའི་བདག་མཛད་ནས་འཕྲལ་དུ་ཆོས་ཁྲིམས་པའི་བསྐཽ་བཞག་གདམས་རའི་དོ་དམ། སྤྱི་བསོད་ལེགས་པར་བཅས་ནས་གཞིར་བཞུགས་ཀྱི་བསོད་སྙོམས་བགོས་ཤིང་མི་འཕེར་བ་ཐམས་ཅད་ལ་སྐལ་བ་ཁྱད་མེད་དུ་སྟེར་བའི་བཀའ་སྲོལ་ཁྱད་པར་ཡོད་པའི་དབུ་མཛད་དགེ་བའི་བཤེས་གཉེན་གང་བཟང་རྣམས་རྫོང་བ་སོགས་སྤྱི་བསོད་འཆའ་བའི་དོ་དམ་ལ་སོགས་