[A:90]གདའ་བ། ཐུགས་བཞེད་མེད་པ་ལ་ནན་གྱི་ཞུ་ཐབས་ནི་མེད། ཐུགས་ཁུར་གང་དང་གང་ནི་ད་ལྟ་ཉིད་ནས་བསྣམས་ཀྱི་ཡོད། ཐ་སྙད་བཏགས་ཙམ་གཅིག་མཛད་པ་ཙམ་བྱུང་ན་ཐུགས་ལ་བཏགས་པར་འདུག ཅེས་པའི་སྙན་གསན་ཚོད་ལྟ་ཙམ་མཛད༑ དེ་རྗེས། ཚོགས་སུ་སྐུ་རིམ་གྱི་ཆོས་སྤྱོད་དབུ་མཛད་ལ་གདན་དྲངས་ནས་ཞག་ཤས་ལོན་མཚམས། གཞུགས་གདན་གྱི་གྲྭ་ནས་བློ་མེད་གྲོས་མེད་དུ་བཏེགས་ཏེ། ཁྲི་ཁར་གདན་དྲངས་ཏེ། རྙེད་པ་དང་བཀུར་སྟི་དང་གོ་འཕང་གི་ཐ་སྙད་ལ་མི་དགྱེས་པས། ཁྲི་ཁ་ཉིད་ནས་ཞུ་འབུལ་མང་དུ་མཛད་ནའངཔས་བླ་མའི་བཀའ་མ་ཆོག་པར་ཞལ་གྱིས་བཞེས། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར། ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གིས་མངའ་གསོལ། དེ་ནས་བཟུང་སྟེ། ལྕགས་མོ་ཕག་ལོ་ཧོར་ཟླ་བཅུ་གཉིས་པ་ལ། མཁན་པོ་རིན་པོ་ཆེ་ཞི་བར་གཤེགས་པའི་བར་དུ་གདན་རིམ་སྦྲགས་ཏེ་མཛད་ཅིང༌། དེ་ནས་ས་མོ་ལུག་ལོ་ཟླ་བ་བཞི་པའི་ཚེས་བཞིའི་བར་དུ། རྗེ་ཉིད་ཀྱིས་མཛད་ནས། སྤྱིར་བསྟན་པ་དང་སེམས་ཅན། དགོས་ཆོས་འཁོར་སྒང་པ་ལ་བཏོགསགཏོགས་པའི་སྐྱ་སེར་ཐམས་ཅད། ཆོས་དང་ཟང་ཟིང་གི་འབྱོར་པས་ལེགས་པར་བསྐྱངས། དེ་ཡང་ཚར་གཅད་རྗེས་འཛིན་གཉིས་ཀྱི་ནང་ནས། ཤིན་ཏུ་ཚར་གཅད་པར་འོས་པ་ཞིག་ལའང༌། དགེ་རྩ་ཆད། དེ་ཚུག་མ་བྱེད་གསུང་པ་ཁོ་ན་ལ་གཙོ་བོར་མཛད་པའི་བྱམས་པའི་འདུལ་ཐབས་ཁོ་ན་མ་བཏོགས། ཚར་གཅོད་དྲག་པོ་ཅུང་ཟད་ཀྱང་མི་མཛད་པའི་སྐྱོང་ཐབས་ཁོ་ནས་འཕྲལ་གྱི་བདེ་བ་དང༌། ཕུགས་ཀྱི་ཕན་པ་ལ་བཀོད་པ་མཛད་དོ། ཁྱད་པར་ཆོས་ཀྱི་འབྱོར་པས་བསྐྱངས་ཚུལ་ནི། མདོ་རྒྱུད་ལམ་གྱི་གནད་རྣམས་མ་ལུས་པ། །ཇི་བཞིན་གཟིགས་ནས་སྐྱོ་