[A:93]ནས༑ ཀུན་གྱི་ཡིད་འཕྲོག་པ་མཛད། གྲུབ་པའི་ཚེ་ཆོས་རྗེ་སེངྒེའི་མཚན་ཅན་གྱིས་རབ་གནས་ཀྱི་ཆོ་ག་ཤིན་ཏུ་རྒྱས་པར་མཛད་པས། ཆོས་དབྱིངས་གསུང་དབང་དང༌༑ རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་གཙོ་བོས་མེ་ཏོག་བཞེས་པ་སོགས། ཤིན་ཏུ་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ༌། །དེ་ལྟ་བུའི་གཞལ་ཡས་ཁང་དེའི་དཀྱིལ་འཁོར་ཕལ་ཆེ་བ་ལ། སེམས་དཔའ་ཆེན་པོ་ཉིད་ཀྱིས། དཀྱིལ་འཁོར་སོ་སོའི་མདུན་དུ༌། མཆོད་པ་ལེགས་པར་བཤམས་པའི་བདག་འཇུག་བརྒྱ་རྩ་རེ་བཞེས། ཤིང་མོ་སྦྲུལ་དེ་ནས་དའི་བར་དུ་ལོ་རེ་བཞིན་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་པའི་བར་ལ། དགེ་འདུན་མང་ན་བརྒྱ་དང་བཅུ་གྲངས། ཇི་ལྟར་ཉུང་ནའང་བརྒྱད་ཅུ་གྱ་གྲངས་ཀྱིས༑ གསང་འདུས་འཕགས་ལུགས་ཀྱི་ཆོ་ག་ཉིན་རེ་ཚར་གཉིས་མ་ཆག་པ། རྗེ་ཉིད་ཀྱིས་རྡོ་རྗེ་ཕྲེང་བས་ཐོག་དྲངས་པའི་དབང་བསྐུར་མང་དུ་གནང་བས་འོག་མིན་དང་ཤིན་ཏུ་ཚུལ་མཚུངས་པ་ཡིན་ནོ། །གཞལ་ཡས་ཁང་འདིའི་འགྲམ་གཏིང་ནས་ལོ་བཅུ་བཞི་ལོན་པ་ཤིང་ཕོ་འབྲུག་གི་སྟོན་དགུན། སླེའུ་ཆུང་པའི་དགེ་སྦྱོང་བཀྲས་ཚུལ་བ་དཔོན་སློབ་བཅུ་གྲངས་སྤྱན་དྲངས་ནས། དཔལ་གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་གསེར་སྐུ། གཙོ་བོ་ཡབ་ཡུམ་རྐང་གང་ལ་སྐུ་གསེར་སྲང་ཕྱེད་འཁོར་སུམ་ཅུ་པོ་རྒྱབ་འཛུབམཛུབ་བཅུངཅུང་མེད་རེ་ལ་སྐུ་གསེར་ཞོ་རེ། རྒྱགས་ཡོན་སྐུ་གསེར་ཞོ་རེ་ལ་དམར་ཞོ་བཅུ་གསུམ་མ་ཕུལ་ནས་ལེགས་པར་བཞེངས། ཀུན་གྱི་མིག་གི་བདུད་རྩི་མཆོག་ཏུ་གྱུར། རྟེན་གྱི་བློས་ལོངསབསླངས་། ཞལ་བཞུགས་རིང་ལ་མ་གྲུབ་པ་བདག་ལ་གཉེར་དུ་བསྐོས་ནས། ཞི་བར་གཤེགས་པའི་ལོ་ཡང་ཕྱི་མར་ལེགས་པར་གྲུབ་པ་ཡང་རྗེ་ཉིད་ཀྱི་བདག་རྐྱེན་ལས་བྱུང་བ་ཁོ་ནའོ། །གཞན་ཡང་ཆོས་རྗེ་སེང་གེའི་མཚན་