[A:95]པའི་མོས་གུས་གཏིང་ཚུགས་པ་ནང་དུ་སྐྱེས་པའི་སྟོབས་ཀྱིས་དག་སྣང་ཁྱད་པར་ཅན་དང་ལྡན་པ་ལ་ནི། སྐྱོན་ཡང་ཡོན་ཏན་དུ་སྣང་བ་སོགས་སྲིད་ལ། དེ་ལྟ་བུའི་མོས་གུས་དང་དག་སྣང་མེད་པ། ཆོས་དང་ཆོས་མིན་འབྱེད་པར་མི་ནུས་པའི་བླུན་པོ་ལོག་ལྟ་ཅན་ལ་ནི། ཡོན་ཏན་ཡང་སྐྱོན་དུ་སྣང་བ་སྲིད་པས། རྗེ་ཉིད་ཀྱི་བཀའ་དྲིན་ལས། ལམ་ལ་ཞུགས་པའི་སྐྱེས་བུ་གསུམ་གྱི་འཇུག་ལྡོག་བླང་དོར་བྱ་བའི་གནས་ཀྱང་ཤེས་པ་བདག་ཅག་ལྟ་བུས། བླ་མ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས། ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་དང་ཞུས་དག་བྱས་པའི་ཚེ། སྐུའི་མཛད་པ་སོ་སོར་ཐར་པ་གཙོ་བོར་མཛད་པ་ལ། ཐ་ན་སྒྲ་མ་བྱས་པའི་དངོས་པོ་འདོར་བ་ཙམ་མམ། བླ་གོས་མེད་པར་ཞལ་ཟས་བཞེས་པ་ཙམ་མམ། ལག་ཉ་དང་མེ་རེག་སོགས་དངོས་སུ་ལྟ་ཞོགགཞན་ལ་དེ་དང་དེའི་གསུང་རྗེན་པར་བྱོན་ནས་བྱེད་དུ་འཇུག་པ་ཙམ་མམ། རང་དགར་བསྙེས་པ་དང་འཕྲེས་པའི་ཚུལ་གྱིས་གཅིམས་པ་ཙམ་ཡང་མ་མཐོང་ན། སྡེ་ལྔ་དང་བཞིས་བསྡུས་ཀྱི་ལྟུང་བ། རང་མིང་ཐོན་པའི་དངོས་གཞི་ལ་ཞུགས་པ་ལྟ་ག་ལ་ཞིག་སྟེ་སྐུའི་འཁྲུལ་པ་དང་བྲལ་བ་ཉིད་དོ། །དེ་བཞིན་དུ་ད་ལན་གྱི་གསུང་འདི་འདུ་ཤེས་ཕྲ་མོ་ཅུང་ཟད་བསྒྱུར་ཏེ་གསུང་བྱུང་ངོ་སྙམ་པའམ་གདུལ་བྱ་འགའ་ཞིག་འདུལ་བའི་དགོས་པར་གཟིགས་ཏེ། དྲན་བཞིན་དུ་ཐུགས་བསྐྱེད་པ་མ་གཏོགས། རང་དགར་ཐུགས་ཁྲོས་པའི་གསུང་ཚིག་རྩུབ་ཏུ་བགྲང་བ་འདི་གསུང་བྱུང་ངོ་སྙམ་པའམ། འཕྲལ་གྱི་དམག་དང་ཆོམ་རྐུན་གྱི་གཏམ་ལ་སོགས་པ་རྣམས་ཀྱང་ངེས་འབྱུང་དང་སྐྱོ་ཤས་ཀྱིས་ཀུན་ནས་སློང་བ་མ་བཏོགསགཏོགས་། ཉོན་མོངས་ཅན་གྱིས་བསྐྱེད་པའི་ངག་འཁྱལ་དུ་སྣང་བ་ཙམ་ཡང་མ་མཐོང་ན། གདུལ་