R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 18
[A:18]བྱིས་པའི་དུས་སུ། བསམ་གྲུབ་ཆོས་སྡིང་པའི་བླ་མ་ཆོས་བཟང་པ་ལས་བསྙེན་གནས་ཀྱི་སྡོམ་པ་ཐོབ། ཤང་བྷ་བའི་བླ་མ་བདེ་ལེགས་པ་ལ་དུས་འཁོར་གྱི་ས་རིས་ཞུས། རོང་བདེ་སྐྱིད་གླིང་པ་སོགས་ཀྱི་བླ་མ་མཛད་པའི་ཁམས་པ་ཚེ་བརྟན་པར་གྲགས་པ་ལ། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་ལུང༌། ཆོས་རྗེ་གནས་རྙིང་དཀའ་བཅུ་པ་ནམ་མཁའ་བྱང་ཆུབ་པ་ལ། མཚན་ཡང་དག་པར་བརྗོད་པའི་ལུང་སྟེ། དེ་ལྟར་སྐྱ་བོའི་དུས་སུ། ཆོས་ཕྲ་རགས་ཐོབ་པའི་ཡོངས་སུ་འཛིན་པ་བཅུ་ཕྲག་གཅིག་གོ །དེ་ནས་ལོ་ཉི་ཤུའི་སྟེང་དུ་སླེབ་མ་ཐག་པ། འབྲུག་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ། གསོ་སྦྱོང་གི་གཎྜི་མི་ཡོང་ཙམ་གྱི་གོང་དུ། རབ་བྱུང་ཐོབ་པའི་ཚུལ་རྣམས་ཅུང་ཟད་ཞིབ་པར་བརྗོད་ན། སྤྱིར་རབ་བྱུང་གི་བག་ཆགས་གསལ་བར་སྔ་མོ་ནས་སད། ཁྱད་པར་ཇོ་བོ་ཡབ་སྲས་ལ་མོས་པས། ཆོས་འཁོར་དུ་རབ་བྱུང་ཐོབ་ཏུ་རེ་ཡང་གོང་དུ་བརྗོད་པ་ལྟར་ཕ་མའི་ཆེད་དུ་བསམ་པས་རིང་དུ་འགྱངས་མོད། ཡོས་ལོ་སྟོན༌། རྣམ་གླིང་པས། ཐོབ་རྒྱལ་བའི་མི་སྡེ་ཆག་པའི་ཞོར་ལ་ཕ་མ་ཡང་འཐོན་པ་དཀོན་མཆོག་གི་ཐུགས་རྗེ་བྱུང༌། དེ་རྟིང་ཡང༌། རྣམ་རྒྱལ་གླིང་པའི་དཔོན་པོ་དྲུང་ཆེན་ཆོས་རྒྱལ་དཔལ་བས་ནི། སྤྱིར་ཕ་གཡོག་བུ་གཡོག་ཡིན་པ་དང༌། དགོས་ཡོན་ཏན་ཅན་གྱི་གྲགས་པ་གསན་པས། མ་མཇལ་ཡང་བདག་ཏུ་བཟུང༌། ཕ་མས་ཀྱང་ཕྱག་རྟེན་བཏོང་དུ་འཇུག་གྲབ་དུ་མ་བྱས་ནའང༌། ད་ལོའི་དགུན་འདི་དགོན་པ་འུག་ཚང་དུ་ངལ་གསོས་ནས་སྡོད་པ་ཡིན། ཞེས་ནན་གྱིས་གསུང་ནས་མཇལ་བའི་གནང་བ་ཙམ་ཡང་མ་བྱས་པར་འཛོམས། ལན་གཅིག་ཕ་རྒན་ལ་བསླུ་ཐབས་ཨེ་ཐུབ་བསམ་ནས་ལྐོག་གཅིག་ཏུ་འཁྲིད་རྣམ་གླིང་པས་ཅི་ལྟར་ཐུགས་རྗེ་བཟུང་ཡང་དཔོན་ཡིག་དགེ་འདུན་བཟང་ཙམ་གཅིག་