R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 44
[A:44]སྦྱངས་ནས། །འཕྲིན་ལས་རྣམ་བཞིས་རྟག་པར་སྐྱོང་ལ་འདུད། །ཅེས་པ། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མེད་དེ། རྒྱུད་སྡེ་བཞི་པོ་རྒྱ་མཚོ་བཞི་ཡི་གཟུགས་སུ་བཀོད་ནས། བྱ་རྒྱུད་ལ། ཆུ་དང་ཅོད་པན། སྤྱོད་རྒྱུད་ལ་དེའི་སྟེང་དུ། རྡོ་རྗེ། དྲིལ་བུ། མིང་དང༌། རྣལ་འབྱོར་རྒྱུད་ལ། དེའི་སྟེང་དུ་སློབ་དཔོན་གྱི་དབང༌༑ བླ་མེད་ལ། དེ་དག་གི་སྟེང་དུ་གོང་མ་གསུམ་སྟེ། རྒྱུད་སྡེ་བཞིའི་དབང་བཞིའོ། །མཐར་ཐུག་བླ་མེད་ཀྱི་བུམ་གསང་ཤེས་རབ་བཞི་པ་སྟེ། དབང་བཞི་གསེར་གྱི་གཟུགས་སུ་བཀོད་པ། ཆུ་གཏེར་ནས་བླངས་ཏེ། བསྙེན་པ། ཉེར་བསྒྲུབ༑ སྒྲུབ་པ། སྒྲུབ་ཆེན་སྟེ། བསྙེན་བསྒྲུབ་ཡན་ལག་བཞི་ནི། རྒྱུད་སྡེ་སོ་སོ་ལ་ཡོད་པ་རྣམས་ཀྱི་གསེར་ལྟ་བུའི་དབང་བཞིའི་ལམ་གྱིས་དྲི་མ་སྦྱངས་ནས། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞིས། ནད་སོགས་ལུས་ཀྱི་སྡུག་བསྔལ་དང༌༑ མྱ་ངན་ལ་སོགས་པ་སེམས་ཀྱི་ཡིད་མི་བདེ་ཞི་བ་དང༌། ཚེ་ཟད་པ་དང༌། ནོར་དབུལ་བ་ལ་སོགས་པའི་ཚེ་དང་དཔལ་འབྱོར་རྒྱས་པ་དང༌། བསྟན་པ་ལ་མ་དད་པ་ལ་སོགས་པ་རྣམས་ཐབས་ཀྱིས་དབང་དུ་བསྡུས་པ་དང༌། ཤིན་ཏུ་གདུལ་དཀའ་བ་བདུད་རིགས་ཀྱི་མི་དང་མི་མ་ཡིན་པ་རྣམས། ཏིང་ངེ་འཛིན་དང་སྔགས་ཀྱིས་ཚར་བཅད་པ་རྣམས་ཀྱིས་འཕྲལ་དང་ཕུགས་སུ་བསྐྱངས་པའོ། །དེ་ཡང་གཙོ་བོར་གཞན་ཕན་སྙིང་རྗེའི་བསམ་ནས། ནད་ཀྱིས་གཟིར་བ་གཅིག་ལ་སོར་འབྲང་ལྟ་བུའི་དབང་ཚར་གཅིག་བྱེད་པ་ནའང༌། མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཡུལ་དུ་བྱས་ནས། གཙོ་བོར་ནད་ཀྱིས་གཟིར་བ་མཐའ་དག་མདུན་དུ་མངོན་སུམ་པ་ལྟར་བསམ་པས། ནད་པ་དེ་དང་ལྷན་ཅིག་ནད་ལས་གྲོལ་བར་མོས་པ་དང༌། ཚེ་སོགས་རྒྱས་པ་དང༌། དེས་དབང་དུ་འདུས་ནས་ཆོས་ལ་སྦྱར་བ་དང༌། ནད་པ་