[A:8]ཞིག་ལ་བསམ་སྟེ། སློབ་ཆུང་གི་ཁུར་འཁྱེར། ཕྱག་འཕུལ། ཆོས་བར་སར་སླེབ་འཕྲལ་དུ་ཆོས་ཞུས། གཞན་ཟེར་ཐམས་ཅད་ཁྱད་དུ་བསད་པས། བཤེས་གཉེན་བསྟེན་ཚུལ་གཙོ་བོར་བྱེད་པ་འགའ་རེས་ལེགས་པར་བསྔགས་པའང་བྱུང་ཞིང༌། འཆད་ཉན་པའི་མིང་ཡང་ལོ་ངོ་བཅུར་བྱས། དེའི་བར་ལའང། ཆོས་རྗེ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བཀས། ངེད་གར་འགྲོའི་ཟླ་ལ་འགྲོ། །དེ་ཉིད་འདུས་པའི་བདག་པོ་འཆོལ་གསུང་བ་སོགས་ཀྱི་དགྱེས་པ་བསྐྱེད་པའི་བཀའ་ནན་ཆེར་བྱུང་ཡང༌། དང་པོའི་གྲྭ་ས་ལ་ཞེན་པ་དང༌། གཙོ་བོ་བླ་མ་ཡབ་སྲས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་ཤར་བ་ན། མགོན་པོ་གང་ལ་མཉེས་གྱུར་ན། །ཞེས་སོགས་དྲན་ཞིང༌། དཔལ་ལྡན་སྟེང་གི་ཆོས་རྗེ་རྒྱ་སྟོན་ཤཱཀྱ་བཟང་པོ་བ་དང༌། ཞ་ལུ་བའི་མཁས་པ་ཆེན་པོ་རིན་ཆེན་བསོད་ནམས་འཕེལ་གྱིས་ཀྱང༌། ཆོས་འཁོར་སྒང་དུ་ཕན་མི་ཐོགས་ན། ཤི་བ་དང་ཁྱད་མེད། ཅེས་སོགས་གསུང་པ་རྣམས་དྲན་ནས་བཤད་སྦྱང་ནར་མར་ཞུས། རེ་ཤིག་བོ་དོང་སོགས་སུ་གང་སླེབ་བྱེད་པའི་ཁས་ལེན་གྱི་ཞུ་འཕེན་ཡོད་མཚམས། གདན་སར་སླེབ་པ་གསན་ནས། བཀའ་ལུང་ནར་མ་ལས་གྲོལ་ཞིང༌། དགྱེས་ཚོར་དང་བསླབ་བྱའི་བཀའ་ཤོག་ཕེབས་སོ།། དེ་བཞིན་དུ་དབུས་ནས་འཇམ་དབྱངས་ཆོས་རྗེ་དང༌། མཁས་མཆོག་ཡོན་ཏན་རྒྱ་མཚོས་ཀྱང་དགྱེས་པ་བསྐྱེད་པའི་བཀའ་ཤོག་རྟེན་བཅས་ཕེབས་ཤིང༌། རྒྱ་སྟོན་རིན་པོ་ཆེས་ནི། དེ་མ་ཐག་ཏུ་དགོན་པར་ཤོག་གསུང་ནས། བསུ་བ་དང༌། ཁྲི་མཐོན་པོ་ལ་འཇོག་པ་དང༌། བཞུགས་གདན་ཁྱད་པར་ཅན་གྱི་གནང་སྦྱིན་དང་བཅས་པ་མཛད། མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོས་ནི། ཁོ་བོ་གདན་སར་སླེབས་འཕྲལ་ནས། ནང་རྟེན་བྱམས་མགོན་བཞེངས་པའི་རྩོལ་བ་བྱས་