R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 132
[A:132]བཟའ་བ་དང་བཅའ་བ་དང་རྙེད་པ་དང་བཀུར་སྟི་ཡངས་ཤིང་རྒྱ་ཆེ་བས་མཉེས་པར་བྱས་པའི་གྲོལ་སྟོན་སྟེང་དུ། གཟིམས་མལ་གསེར་སྐུ། རྒྱལ་བ་རྡོ་རྗེ་འཆང་གི་སྐུ་ཁྲི་རྒྱབ་དང་བཅས་པའི་རབ་གནས་ཞུས་རྗེས། བདེ་ཆེན་དཀའ་བཞི་པ་རིན་ཆེན་རྒྱ་མཚན་པའི་གསུང་གིས། ཕ་ལ་བུ་སྐྱེས། བླ་མའི་གསོལ་འདེབས་དང་ནང་རྟེན་མཉམ་པོར་གྲུབ་པ་ཁྱེད་ཙམ་ཡིན་ནོ་གསུངས་པ་ལ། འདི་གཟིམས་མལ་གསེར་སྐུ་ལགས། ནང་རྟེན་སྟོབས་ཆེ་རབ་གཅིག་ལེགས་གྲུབས་སམ་ས་བདོག་ཞུས་པས། །མི་འགྲུབ་མི་འགྲུབ་ཧམ་པ་མ་ཆེ་གསུང༌། དེ་ལྟར་བྱས་པས་མ་ཡོང༌། བླ་མ་དེ་རང་གི་ཐུགས་རྗེས་འགྲུབ་ལགས་ཞུས་ན། ལྷ་བཟོ་པ་དང་བཟོ་ཚད་གྱི་བཀའ་གྲོས་ཚར་ཡོད་པའི་ཤིང་ཚད་གཟིགས་ཕུལ་བས་ཤིན་དུ་ཧ་ལས། འདི་འདྲ་སྡེ་པས་ཀྱང་མི་འགྲུབ། ཁྱེད་རི་ཕང་པར་འདེགས་པར་འདུག་གསུང༌། དེ་མ་ཐག་ནས་བཟོ་བཙུགས་ཏེ་གསེར་སྐུ་ཇོ་བོ་སྐུ་ཚད་མ་ཁྲི་རྒྱབ་དང་བཅས་པ་ཤིན་དུ་ངོ་མཚར་བ་གྲུབ་པར་མཛད་པས། བླ་མ་དེ་ལ་སོགས་པའི་སྐྱ་བཙུན་མང་པོ་ཤིན་དུ་ཡ་མཚན་པར་གྱུར་ཏེ། བདག་ཉིད་ཆེན་པོ་འདིའི་ཆེ་བའི་ཡོན་ཏན་གཏམ་དུ་བརྗོད་པ་ལ་ཁ་སྟོན་དུ་བྱེད་པར་གྱུར་ཏོ། །དེ་བཞིན་དུ་ཆོས་རྗེ་ལོ་ཆེན་གྱི་བླ་མའི་གཙོ་བོ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཟླ་མཆོད་ཉི་ཤུ་ལྔ་བྱུང་རེས་ཀྱིས་དགེ་འདུན་གང་ཡོད་ལ་ཚ་བ་ནར་མ་དང༌། ཧོར་ཟླ་བདུན་པའི་ཉེར་ལྔ་ལ་ལྔ་མཆོད་ཆེན་མོ་ཞེས་བྱ་བ་ཉིན་རངས་ཀྱི་བསྙེན་བཀུར་དགོས་ཀྱི་རྙེད་པ་རྒྱ་ཆེན་པོ་དང་བཅས་པ་དང༌། ལོ་ཆེན་བྱང་རྩེའི་ཟླ་མཆོད་ཉི་ཤུ་གཅིག་བྱུང་རེས་ཀྱིས་དགེ་འདུན་ཚོགས་སུ་ཚ་བ་འདྲེན་པའི་ཆ་སྲཽལ་ཡོད་པ་རྣམས་མ་ཆག་གི་སྟེང་དང་ཇེ་བཟང་ལ་བཏོངགཏོང་བ་དང༌། དེའི་སྟེང་དུ། ཆོས་རྗེ་ལོ་ཆེན་གྱི་ཟླ་མཆོད་