[A:4]
ནཱ་རོ་ཏ་པའི་མན་ངག་ཟ་མ་ཏོག་།མངའ་བདག་སྲས་དང་སློབ་མར་བཅས་རྣམས་ཀྱི། །གྲུབ་པའི་འཚོ་བར་ཕོག་པ་དོན་ལྡན་པའི། །མཁྱེན་རྟོགས་འབྱུང་གནས་དེ་དག་ཕྱག་གི་ཡུལ། །གངས་ཅན་རྒྱུད་སྡེ་རྒྱ་མཚོས་གཏམས་གྱུར་ཀྱང་། །མཐའ་དག་བཞེས་པ་ཁྱད་ལས་མ་དམིགས་པས། །རིག་པ་འཛིན་པ་ཡོངས་ཀྱི་སྟོན་པ་མཆོག་།ཀུན་མཁྱེན་བུ་ཡི་ཞབས་ལ་ཕྱག་བགྱིའོ། །རྒྱུད་སྡེ་བཤད་པས་རྡོ་རྗེ་འཆང་བ་དང་། །ལུང་བརྟན་བརྙས་པས་གཞན་ལས་འཕགས་པ་དང་། །ཕྲིན་ལས་ཟབ་པས་ཀུན་དགའ་བཟང་པོ་ཞེས། །གྲགས་པའི་གདུགས་དཀར་མཐོ་ལ་ཕྱག་འཚལ་ལོ། །ཤེས་བྱ་རབ་འབྱམས་ཁྱད་པར་གསང་དོན་ལ། །སྐྱེས་ཐོབ་སྤོབས་པས་དབང་འབྱོར་ཀུན་གཟིགས་ཆེ། །ཟབ་རྒྱས་རྒྱུད་སྡེ་ཚད་མའི་ལུང་ཐོབ་པ། །རྗེ་བཙུན་ཆེན་པོ་ཡབ་སྲས་ཞབས་ལའང་འདུད། །རྣམ་གྲོལ་ལམ་གྱི་གཞི་རྩ་བརྟན་བྱེད་པའི། །མཉམ་མེད་ཇོ་བོའི་བཀའ་སྲོལ་སྐྱོང་རྣམས་དང་། །འཇམ་དཔལ་དབྱངས་ཀྱི་གསང་བའི་སྙིང་འབྱིན་པོ། །སྨྲ་བ་ཟླ་མེད་བརྒྱུད་པར་བཅས་ལ་གུས། །བསྟན་པ་ཡོངས་རྫོགས་འཆད་དང་སྒྲུབ་པ་ལ། །ཕྱོགས་སུ་ལྷུང་མིན་མཁྱེན་དང་བརྩེ་བའི་གཏེར། །ཟབ་རྒྱས་རྒྱུད་སྡེའི་ཉིན་བྱེད་གཅིག་བུ་པ། །དཀྱིལ་འཁོར་གཙོ་བོ་གང་ལ་གུས་ཕྱག་འཚལ། །མདོ་སྔགས་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་ཏེ། །རྒྱལ་བའི་དགོངས་པ་སྨྲ་ལ་བསྙེངས་བྲལ་བ། །ཕྱིས་དུས་རྒྱུད་སྡེའི་སྲོལ་འབྱེད་ཀུན་དགའི་རྗེ། །བསྟན་པའི་རྒྱལ་མཚན་ཞབས་པད་སྤྱི་བོར་ལེན། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རོལ། །མཛོད་ཆེན་ལྔ་ཡི་ཤིང་རྟའི་སྲོལ་ཆེན་བཏོད། །གྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་པ་ཡི། །ཡོན་ཏན་རྒྱ་མཚོས་བྱང་ཆུབ་བར་དུ་