[A:5]
སྐྱོངས། །འཇམ་དཔལ་དབྱངས་དང་གཉིས་སུ་མི་ཕྱེད་པའི། །ཤེས་བྱ་རབ་འབྱམས་མཁྱེན་པའི་རྣམ་དཔྱོད་ཅན། །སུམ་ལྡན་རྡོར་འཛིན་རྒྱ་མཚོའི་མངའ་བདག་ཆེར། །བསམ་བཞིན་དད་པའི་ལྷ་ཕྱག་རི་ལྟར་བརྩེག་།དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །མི་འཇིགས་གདོང་ལྔའི་ཁྲི་ལ་དབང་བསྐུར་ཞིང་། །མཐའ་ཀླས་སྐྱེ་རྒུར་བློ་གྲོས་དཔལ་སྟེར་བ། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་ལ་འདུད། །རིན་ཆེན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །རྩེ་གཅིག་སྒོམ་པའི་ཏིང་འཛིན་བདུད་རྩི་ཡིས། །འགྲོ་ལ་ཕན་བདེའི་ངལ་འཚོ་སྦྱིན་མཁས་པ། །རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མར་འདུད། །བརྩེ་ཆེན་ཀུན་དགའི་ལམ་སྲོལ་ཇི་སྙེད་པ། །ཐུགས་རྒྱུད་ཟ་མ་ཏོག་ཏུ་འཁྱིལ་བ་ཡིས། །ཟབ་གསང་སྨིན་གྲོལ་རྒྱ་མཚོའི་སྲོག་མཐུད་མཁས། །ཀུན་དགའ་འཇམ་དབྱངས་བཀའ་དྲིན་དྲན་བཞིན་དད། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་ནམ་མཁའི་དབྱིངས། །བསླབ་གསུམ་ནོར་བུའི་ཆུ་འཛིན་བཤམས་པ་ལས། །མཁས་ཚུལ་གསུམ་གྱིས་འདོད་རྒུ་འཇོ་བའི་དཔལ། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་འཛིན་ལ་འདུད། །རྡོ་རྗེ་རྣལ་འབྱོར་མ་ཡིས་རྗེས་སུ་བཟུང་། རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་བྲན་དུ་འཁོལ། །སྙན་བརྒྱུད་བསྟན་པའི་སྲོག་ཤིང་གདོང་ཁར་བ། །འཇམ་དཔལ་བསྟན་འཛིན་བཟང་པོར་སྙིང་ནས་གུས། །ངེས་འབྱུང་བྱང་ཆུབ་སེམས་སྤྱོད་མཆོག་རྣམ་པར་དག་།རིམ་གཉིས་ཏིང་འཛིན་འོད་གསལ་མངོན་དུ་གྱུར། །མཁས་ཚུལ་གསུམ་གྱིས་བསྟན་པ་གསལ་མཛད་པ། །ངག་ལ་དབང་འབྱོར་དམ་ཆོས་རགཡ་མཚོར་འདུད། །ངེས་འབྱུང་ཚུལ་ཁྲིམས་རྩ་བ་རབ་བརྟན་ཅིང་། །བྱང་ཆུབ་སྤྱོད་པའི་ལོ་འདབ་ཕྱོགས་བརྒྱར་གྲོལ་