R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ང་འདིའི་སྐྱེ་བ་སྔོན་མ་ལ་རྒྱལ་མོ་ལེགས་བཞེར་དཔལ་མོའི་བུ་དགེ་སློང་པརྞ་བྱ་བ་དེ་ང་ཡིན་ནོ། །སྔོན་གྱི་ལས་འཕྲོ་ཡོད་པས་འདིར་ཡོང་དགོས་པ་བྱུང་གསུངས་པས། རྒྱལ་མོ་ཀླུ་མོ་ལ་སོགས་པས་ཚེ་སྔ་ཕྱི་དྲན་པས་དགེ་པརྞར་འདུག་ཟེར་ནས་བཞགས་པ་བྱས། ཞབས་སྤྱི་བོར་བླངས། ཁོང་སྦལ་དོང་དང་ཤིག་དོང་བསྐྱུར་པས་སྡིག་སྒྲིག་ཀྱང་སྦྱངས་སོ། །དེ་ནས་རྒྱལ་མོ་ཀླུ་མོ་དང་རྒྱལ་བུ་གཡུ་སྒྲ་སྙིང་པོ་ལ་སོགས་པ་ལ་བཀའ་རྫོགས་པ་ཆེན་པོ་ཚར་བར་བཤད། བཻ་རོ་ཙ་ནས་བཀའ་རྫོགས་པ་ཆེན་པོ་སློབ་དཔོན་ཤྲཱི་རི་སིང་ཧའི་དྲུང་དུ་ཞུས་ནས། མཐར་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པ་དང༌། དེ་ཡང་སྐལ་ལྡན་རྒྱལ་པོ་གཡུ་སྒྲ་སྙིང་པོ་ལ་བཀའ་རྫོགས་པ་ཆེན་པོ་བཤད་པའི་སྐབས་སོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ང་ཡིས་བོད་ཀྱི་རྒྱལ་ཁམས་འདི་ཆོས་ལ་འགོད་པར་འདོད་པས། བོད་ཀྱི་ཤེས་རབ་ཅན་གང་བཏང་ཡང་ཆོས་ངོ་མཚར་ཅན་རྙེད་ནས་བྱུང་བ་ལ། བློན་པོ་ཆོས་ལ་གནག་པས་ཕྲག་དོག་བྱས་ཤིང་ཆོས་ལ་སྤྱོད་དབང་མ་བྱུང༌། ཆོས་འཚོལ་དུ་བཏང་བ་ཐམས་ཅད་ཀྱང་བློན་པོས་རྒྱལ་ཁྲིམས་ལ་སྙད་ཅིང་སྤྱུགས་པས། ད་ནི་རྒྱ་གར་ནས་པཎྜི་ཏ་མཁས་པ་སྤྱན་དྲངས། བོད་ཀྱི་ཤེས་རབ་དང་དད་པ་ཅན་ཐམས་ཅད་བཀའ་འོག་ཏུ་བསྡུས་ཏེ་རྒྱལ་པོས་བཀའ་བསྩལ་པ། ང་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་དུས་དེ་རིང་ནས་ཆོས་ཁྲིམས་འཆའ་བ་ཡིན་ནོ། །རབ་ཏུ་སུས་བྱུང་ནུས། ལོ་ཙཱ་བ་སུས་སློབ་ནུས། སྒྲུབ་པ་སུས་བྱེད་ནུས། ཞབས་འོག་ནས་རྡེའུ་བཏོན་ནས་དེ་དབུའི་མཆོད་གནས་བྱེད་དོ་ཞེས་བཀའ་ཁྲིམས་བཅས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་འདས་མ་འོངས་ད་ལྟ་གསུམ་གྱི་མངོན་པར་ཤེས་པ་མངའ་བ་དེས། གུང་གྲལ་ནས་རྒྱལ་བློན་རྣམས་ལ། བཀའ་བསྒོ་གསུངས་པ། རྗེ་གཅིག་ཆོས་ཀྱི་རྒྱལ་པོ་ལགས། །ཆོས་ཁྲིམས་བཅས་པ་ཤིན་ཏུ་ལེགས། །བདག་འདྲ་པད་མ་འབྱུང་གནས་ཀྱིས། །དུག་གསུམ་སྐུ་གསུམ་ཐུགས་སུ་ཤེས། །དུག་ལྔ་ཡེ་ཤེས་ལྔ་རུ་ཤེས། །རྣམ་རྟོག་ཆོས་ཀྱི་དབྱིངས་སུ་གོ། །ཉོན་མོངས་རྒྱུད་ལ་རྟག་ཏུ་འཆང༌། །དེ་རྟོགས་ཡོན་ཏན་མངོན་ཤེས་ཀྱིས། །ཕྱི་མ་ཅི་འབྱུང་ད་ལྟ་ཤེས། །སྔ་མ་ཅི་ཡིན་འདི་ལྟར་ཤེས། །བདག་འདྲ་པད་མ་འབྱུང་གནས་དང༌། །མཁན་པོ་བོ་དྷི་ས་ཏྭ་དང༌། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ། །སྐྱེ་བ་འདི་ཡི་སྔ་མ་ལ། །མ་གུ་ཏ་ཡི་ཡུལ་དུ་ནི། །མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས། །མ་ནི་དབུལ་མོ་བྱ་རྫི་མོ། །མའི་དགེ་རྩར་མཆོད་རྟེན་བཞེངས། །མཆོད་རྟེན་བྱ་རུང་ཁ་ཤོར་ཁ། །མཆོད་རྟེན་བརྩིགས་ཤིང་སྨོན་ལམ་བཏབ། །འཁྱགས་པ་ཆགས་ཡུལ་མཏའ་འཁོབ་ཏུ། །ཆོས་ཀྱི་བསྟན་པ་འཛུགས་པར་ཤོག །དེ་སྐད་སྨོན་ལམ་བཏབ་པ་ལ། །སྐྱེ་བ་འདིའི་གོང་རོལ་དུ། །སྲིན་གྱི་བུ་དང་དྲང་སྲོང་བུ། །བྲམ་ཟེའི་བུ་དང་གསུམ་དུ་བྱུང༌། །སྔ་མའི་མཆོད་རྟེན་དེ་ལ་ནི། །མཆོད་པ་ཆེན་པོ་བྱས་ནས་ནི། །སྨོན་ལམ་སོ་སོར་འདི་སྐད་བཏབ། །དྲང་སྲོང་བུ་ནི་རྩད་པོ་ཡིན། །འཁྱགས་པ་ཆགས་ཡུལ་མཐའ་འཁོབ་ཀྱི། །ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི། །སངས་རྒྱས་བསྟན་པ་སྐྱོང་བར་ཤོག །ཡང་དེའི་ལས་དང་སྨོན་ལམ་གྱིས། །ཆོས་སྐྱོང་རྒྱལ་པོར་སྐྱེས་པ་ཡིན། །ཆོས་སྐྱོང་རྒྱལ་པོ་བྱ་བར་རིགས། །བྲམ་ཟེའི་བུ་ནི་བོ་དྷི་ས་ཏྭ་ཡིན། །ཆོས་སྐྱོང་རྒྱལ་པོར་ཁྱོད་སྐྱེས་ནས། །རྒྱལ་པོ་ཆོས་སྐྱོང་བླ་མཆོད་བགྱི། །ཡང་དེའི་ལས་དང་སྨོན་ལམ་གྱིས། །ཟ་ཧོར་སྐྱེས་ཀྱང་འདི་རུ་འཛོམས། །མཁན་སློབ་རབ་བྱུང་བྱ་བར་རིགས། །བདག་ནི་སྲིན་བུ་ཕྲ་མོའི་བུ། །ད་ལྟ་པད་མ་འབྱུང་གནས་ཡིན། །ཆོས་སྐྱོང་རྒྱལ་པོར་ཁྱོད་སྐྱེས་ནས། །གདུག་པ་འདུལ་ཞིང་བསྟན་པ་སྐྱོང་བར་ཤོག །ཡང་དེ་ལས་དང་སྨོན་ལམ་གྱིས། །ཨོ་རྒྱན་སྐྱེས་ཀྱང་འདི་རུ་འཛོམས། །སངས་རྒྱས་བསྟན་པ་ང་རང་སྲུང༌། །བགེགས་དང་ལོག་འདྲེན་ང་ཡིས་འདུལ། །རྒྱ་གར་ཡུལ་གྱི་མ་ག་དྷའི། །དྲང་སྲོང་དཔལ་ལྡན་ཞེས་བྱ་བ། །མ་ནི་དྲང་སྲོང་ཤ་ཏ་ཡིན། །ཨ་པ་ཨ་རུ་ཚེ་འཕོས་པ། །བོད་ཀྱི་མངའ་བདག་རྒྱལ་པོར་སྐྱེས། །མི་ལ་དགོས་དགུ་གཅེས་པ་དང༌། །སྡེ་སྣོད་གསུམ་གྱི་ཆོས་རྣམས་ཀྱང༌། །རྒྱལ་པོ་ཉིད་ཀྱི་རིང་ལ་བྱུང༌། །རྒྱ་གར་ཡུལ་གྱི་ཤ་ཀའ།