R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དམ་པའི་ཆོས་དག་ཅིང་གཙང་བར་མཛད་པ་རྗེ་བཀའ་དྲིན་ཆེ་བ་ལགས། དེ་ནས་སྐུ་ལ་བསྡོ་བ་དམག་དྲངས་ནས་ཆམ་ལ་ཕབ་པ་ནི་རྒྱ་ནག་པོ་དང་དབོན་ཞང་གཉིས་བསྡུམ་བྱ་བར་ཆད་པ་མ་འཆམས་ནས། བོད་རུ་བཞི་ནས་དམག་སྡེ་བཅོ་བརྒྱད། བློན་པོ་ཆེན་པོ་ཞང་ཁྲི་གཞུང་རབ་ཤགས་དང༌། བློན་མང་རྗེ་ལྷ་ལོད་ལ་སོགས་པ་དར་ཚན་ཞིག་གིས་ཁྲིད་ནས་རྒྱའི་ཡུལ་དུ་དམག་དྲངས་ཏེ། རྒྱའི་གྱེན་པོ་ཐམས་ཅད་བཀུམ་ནས། རྒྱ་ཐམས་ཅད་ཆམ་ལ་ཕབ་ནས། ལྕེས་་་་་གཅེས་་་་་མཁར་ཉི་ཤུ་རྩ་བཞི་ཡར་བཅད་མངའ་འོག་ཏུ་བསྡུས། སེང་ཏོག་མཁར། གོག་ཆུའུ། མི་ཉག་གྷ་་་ལྒ་་་་ལ་སོགས་མཁར་སུམ་ཅུ་སོ་བདུན་ཙམ་བརྡུངས། སྣངས་མང་པོ་བཅད། རྔ་མོང་དང༌། རྟ་དྲེའུ་ཕལ་ཆེར་ཕྱག་ཏུ་ཕུལ། མི་ཉག་འགང་་་་སྒང་་་དགར་སྐྱ་མོར་བྱེད་དུས། རྒྱལ་པོ་རྣམ་ཐོས་སྲས་དངོས་སུ་བྱུང་ནས། བཙན་པོ་ལ་ཞུ་བ་ཞུས་པས། ཁྱེད་ཀྱིས་འདུལ་བའི་དུས་འདིར་ང་ལ་ཁབ་གཅིག་ཞུ་གསུངས་པས་མི་ཉག་གྷ་་་་་་་་ལྒ་་་་་་་བྱིན་ནོ། །དེ་འདྲའི་འདྲ་འབག་རྒྱལ་པོ་རལ་པ་ཅན་ལ། རྒྱལ་པོ་རྣམ་སྲས་པུས་མོ་བཙུགས་པའི་གཟུགས་ཀྱང་ཡོད་དོ། །དེ་ནས་རྨ་ཆུ་འོག་མ་ལ་ལྕགས་ཀྱི་གླང་རུ་ཕར་བཅད་ཚུར་བཅད་བྱས་ཏེ་ལྕགས་ཟམ་ཀྱང་བཙུགས། རྒྱ་ནག་རི་བོ་རྩེ་ལྔར་བྱོན་དུས། དབུས་རིའི་སྟེང་དུ་འོད་དང་འོད་སྤྲིན་གྱི་གསེབ་ཏུ་བཅོམ་ལྡན་འདས་འཇམ་དཔལ་སེང་གེ་ལ་བཞུགས་ནས། རྒྱལ་སྲས་ཁྲི་ཕྲག་གིས་བསྐོར་བར་གཟིགས་ཤིང༌། གཞན་ཡང་གནམ་མཁའི་ངོས་ཀུན་གཙུག་ལག་ཁང་དང་མཆོད་རྟེན་མང་པོས་གང་བར་གཟིགས་སོ། །དེའི་གཟུགས་ཀྱང་བཙན་པོ་རང་གིས་བཞེངས་པའི་ལྷ་ཁང་གི་ཕྱིའི་ངོས་ལ་བྲིས་ནས་ཡོད་དོ། །དེ་དུས་རྒྱའི་ཧ་ཤང་དང༌། གྱང་ཆུང་དང༌། ལྕང་ལ་བོ་མང་པོ་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་འདུས་ནས། ཁོང་རྣམས་ཀྱིས་བར་དང་དཔང་པོ་མཛད་ནས། དབོན་ཞང་བསྡུམས་མཛད་དོ། །རྒྱའི་གོང་གུ་མ་རུར་་་་་་རྨེ་རུར་་་་་་་རྒྱའི་གཙུག་ལག་ཁང་གཅིག་དང༌། བོད་ཀྱི་གཙུག་ལག་ཁང་གཅིག་དང༌། གཉིས་བཞེངས་སུ་གསོལ་ལོ། །གཞན་ཡང་ལྷ་ཁང་མང་པོ་ཞིག་བཞེངས་ཏེ། དེ་བར་དུ་ས་ལ་བཙན་པོ་དབོན་ཞང༌། གནམ་ལ་ཉི་ཟླ་ལས་མེད་དོ་བར་གླེགས་་་གླེངས་་་ནས་ཕ་བོད་ལ་ཉི་ཟླའི་གཟུགས་བྱས་པ་འདི་ཙོང་ཁ་མཚོ་སྔོན་གྱི་ལྷ་ཤར་ན་ཡོད་དོ། །གོང་གུ་མ་རུང་་་་རྨེ་རུ་་་ཡར་བཅད་དུ་རྒྱའི་དམག་མི་ཡོང་བ། དེ་མན་ཆད་དུ་བོད་ཀྱི་དམག་མི་འདྲེན་པའི་མནའ་བྱས་སོ། །དེ་རྒྱ་བོད་གཉིས་ཀྱི་མཚམས་ཡིན་ནོ། །དཔང་པོར་ལྷ་གཉན་ཀླུ་གཉན་མང་པོ་བཞག་དབོན་ཞང་ཇི་ལྟར་ཆད་བྱས་པའི་རྩིས་་་་གཙིགས་་་ཀྱི་ཡི་གེ་གསུམ་ལ་མཆིས་ཏེ་ཀེར་ཤིར་ཁྲི་སྒོ་དང༌། ང་སའི་ལྷ་ཁང་དང༌། གོང་གུ་མ་རུ་་་་་རྨེ་རུ་་་གསུམ་པོར་རྡོ་རིང་ལ་བྲིས་ནས་ཡོད་དོ། །གཞན་ཡང་རྒྱ་གར། བལ་པོ། ལི་ཡུལ་ཐེན། སྦལ་བྲུ་ཤ། དམང་ཞང་ཞུང༌། ཧོར་ཡུལ། སོག་ཡུལ། ཡུ་གུར། ཀ་མི་ལོག་ལ་སོགས་པ་འཛམ་བུའི་གླིང་གི་རྒྱ་མོ་ཁྱི་ཁྱོ་ཅན། སོག་པོ་སྤྲེ་ལག་ཅན་ཡན་ཆད་གླིང་གི་གསུམ་གཉིས་མངའ་འོག་ཏུ་འདུས། མ་རུངས་པ་ཐམས་ཅད་ཀྱི་མགོ་བྲེགས་ནས་དེ་ཐམས་ཅད་བོད་ཀྱི་རྒྱལ་པོ་མངའ་བདག་རལ་པ་ཅན་གྱི་མངའ་འོག་ཏུ་བསྡུས་སོ་བྱ་བའི་དྲིལ་ཆེན་པོ་ཕྱོགས་བཅུ་ཐམས་ཅད་དུ་བསྒྲགས་སོ། །དེ་ནས་བཙན་བག་་་པོས་་་་མདུན་ས་ཆུང་བ་རབ་ཏུ་བྱུང་བ་ལ་ཕུལ་ནས་ཆབ་སྲིད་ཆོས་དང་མཐུན། དབང་དགེ་འདུན་ལ་བསྐུར་ཏེ་ཕུལ་བས། བློན་པོ་ནག་པོ་ལ་དགའ་བ་ཀུན་དཔྱ་མི་འཚམ་པར་བསྡུ་བ་དང༌། བྱི་དང་རྐུ་བ་ལ་སོགས་པ་བག་མེད་སྤྱོད་པ་ཤིན་ཏུ་དོག་པར་བྱུང་བས། རྗེའི་སྙན་དུ་ཞང་བློན་ཚོས་བསྐོས་པ་ཀུན་སྒྲུབ་པ་ལ། དཔྱ་ལོ་ཐང་དུ་བསྡུས་ནས་དམངས་དགེ་འདུན་ལ་འབུལ་བ་འཇུག་ལགས། ངེད་རྣམས་ཀྱིས་སྙུང་ཕྱག་ཉི་སུ་རྩ་གཅིག་རྟེན་དང་བཅས་པ་བགྱིས་ཀྱང་བཀའ་ལན་མི་གནང་བར་དམངས་རབ་ཏུ་བྱུང་བ་ལ་དགྱེས་བཞིན་དུ་ཕྱག་མཛད་པ་ཅི་ལགས་ཞེས་པ་ལ་སོགས་པ་ཞུས་པའི་ལན་དུ། བཙན་པོས་བོད་འབངས་སྐྱ་བཙུན་ཡོ་བསྡུས་ནས་རབ་ཏུ་བྱུང་བའི་མཐའ་བསྟོད། ཆོས་བྱེད་པར་འདོད་པ་རྣམས་ལ་ཡང་བཀའ་དྲིན་ཆེན་པོ་གནང༌། ཞང་བློན་རྣམས་ལ་ཕྱག་དང༌། སྙུང་རྨེད་བཏབ་མ་དགུ་རྩེག་ཅན་དང༌།