R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གླང་དར་གྱིས་ཆོས་བསྣུབས་ཙ་ན། ཆོས་དང་གང་ཟག་བསྐུངས་ནས་བཞུགས་པའི་ཞང་ཛྙཱ་ནའི་སློབ་མ་དཔལ་ཆེན་དགུ་ལ། མཁར་ཆེན་དཔལ་གྱི་དབང་ཕྱུག སོག་པོ་དཔལ་གྱི་ཡེ་ཤེས། ཤུད་པུ་དཔལ་གྱི་སེང་གེ། གཉན་ཆེན་ཨ་ཙ་ར་དཔལ་དབྱངས། འོ་བྲན་དཔལ་གྱི་གཞོན་ནུ། རླངས་ཆེན་དཔལ་གྱི་སེང་གེ། བྲན་ཀ་དཔལ་གྱི་ཡོན་ཏན། དར་རྗེ་དཔལ་གྱི་གྲགས་པ། ཅོག་རོ་དཔལ་གྱི་དབང་ཕྱུག་རྣམས་དང༌། སྲིན་པོ་རིའི་ལང་ལབ་བྱང་ཆུབ་རྡོ་རྗེ་དང༌། སྣུབས་ནས་མཆེད་དེ། སྣུབས་སངས་རྒྱས་རིན་པོ་ཆེ་ལ། ཞང་ཛྙཱ་ནའི་སེམས་སྡེ་བཅོ་བརྒྱད། བདུད་རྩི་བམ་བརྒྱད་ཆ་ལག་དང་བཅས་པ་ལ། རྒྱུད་གསང་བ་ཡེ་ཤེས་འཁོར་ལོ། འགྲེལ་པ་བརྟག་འགྲེལ། ལུང་བམ་པོ་བརྒྱད་པ། མན་ངག་སྒྲོན་གསལ། ལག་ལེན་ཡང་ཁོལ་ཉིང་ཁོལ་བུ་དོན་མ་ལ་སོགས་ཏེ་བདུད་རྩིའི་སྐོར། ནམ་མཁའི་སྙིང་པོའི་ཡང་དག དར་རྗེའི་སྒྱུ་འཕྲུལ། ནམ་མཁའི་སྙིང་པོ་དང་ཛྙཱ་ནའི་མདོ་བྱང༌། བཀའ་བརྒྱད། རྫོངས་འཕྲེང༌། བ་སུ་དྷ་རའི་གདམས་པ། ཆེ་བཙན་སྐྱེས་ནས་བརྒྱུད་པའི་དགོངས་པ་འདུས་པ་ལ་སོགས་ལུང་གི་མདོ་ལྔ༌། ཀུན་བྱེད་མ་བུ་དགུ་སྐོར། སེམས་ཕྱོགས་རྣམས་མངའ་བ་མཁས་པ་་་བཅུ་གཅིག་་་གི་བཀའ་བབས་འདུས་པ་དེ་གཙང་དུ་བྱོན། ཡེ་ཤེས་དབང་ཕྱུག་དང་འཇལ་ནས། སོ་ལ་ལྟ་བ་སྒང་དྲིལ་ནས་བཤད་པ་ནི། སེམས་སྡེ་བཅོ་བརྒྱད་ལྔ་སྔ་འགྱུར་སྔར་ལྔར་བསྡུས་ནས་གསུངས། ནམ་མཁའི་སྙིང་པོས་ཡང་དག་རྒྱས་བསྡུས། ཕྱིས་ཤེལ་དཀར་བཟས་ཞུས་པ་དང༌། ནམ་སྙིང་གིས་མཁར་ཆེན་དཔལ་གྱི་ཡེ་ཤེས་བརྩེགས་ལ་བརྒྱུད། དེས་རླངས་དཔལ་བརྩེགས་ལ། དེས་ཅོག་རོ་དཔལ་གྱི་དབང་ཕྱུག་ལ། དེས་མཁན་པོ་དཔལ་གྱི་མཆོད་གནས་མ་ལ། དེས་སོ་ཡེ་ཤེས་དབང་ཕྱུག་ལ། དེས་སྲས་སྐལ་པོ། དེས་སྲས་དབང་གི་གཙུག་གཏོར། དེས་སྲས་རྒྱལ་པོ། དེས་སྲས་ཆོས་ཡེ་དེས་ར་ཛ་འབར། དེ་ལྟར་རྒྱུད་པ་རྣམས་དངོས་གྲུབ་མ་ཆད་པ་སྟེ། ཡང་སེམས་སོ་ལུགས་ཞེས་གྲགས། སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་གཤིན་རྗེ་དམར་ནག་ལ་སོགས་དྲག་སྔགས་རྣམས་དང༌། བསྐྱེད་རྫོགས་སྒྲུབ་ཐབས་དང༌། སེམས་ཕྱོགས། ཆོས་སྐྱོང༌། ནོར་ལྷ། བཟོ། རྩིས། གསོ་བ། འཕྲུལ་འཁོར་རྣམས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གནང༌། དེས་སྲས་ཡེ་ཤེས་རྒྱ་མཚོ། སྲས་པད་མ་དབང་རྒྱལ། དེས་ཆེན་པོ་དཇམ་དཔལ། དེས་ཡེ་ཤེས་གཟུངས། སྣུབས་ཧཱུཾ་ལ་ཐུག་བར་ནུས་པ་དང་ལྡན་ཏེ། དེའི་རྒྱུད་པ་དང༌། དེ་རྣམས་ལས་གྱེས་པའི་སློབ་བུ་རྣམས་མཐུ་རྩལ་དང་ལྡན་པ་འབའ་ཞིག་གོ། །བདུད་རྩི་ནི། བི་མ་ལས་ཛྣཱ་ན་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་སངས་རྒྱས་ཡེ་ཤེས་དེས་སྲུ་ལེགས་པའི་སྒྲོན་མ། དེས་སྲས་གཞོན་ནུ་སྙིང་པོ་ལ། དེས་སྐོར་ཐུང་ཤེས་རབ་ཡེ་ཤེས། དེས་སླུགས་ཤེས་རབ་འཕན། དེས་རྒྱ་འབར་སྐྱིད་ལ་གནང་སྟེ་བདུད་རྩི་རྒྱ་ལུགས་ཞེས་གྲགས་སོ། །དེ་ལྟར་སོ། སྣུབས། སྲུ། སྦ་གོར་དང་བཞི་ཡོད་དེ། སྣུབས་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ཀྱི་སྲས་བཞི་བྱའོ། །གཞན་ཡང་སྣུབས་དཔལ་སྡོང་རིན་པོ་ཆེ། ཁྱུང་པོ་དབྱིག་གི་རིན་པོ་ཆེ། སྟོང་ཚབ་བྱང་ཆུབ་རིན་པོ་ཆེ་སྟེ། རིན་པོ་ཆེ་གསུམ་ལ་སོགས་ཏེ་བདུན་དང་གཟེ་སྒོམ་དང༌། རོང་ཐུང་མ་ལ་སོགས་པས། སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཆོས་རྒྱུད་དར་བར་བྱས་སོ། །འཇམ་དཔལ་སྐུའི་སྒྲུབ་པའི་བརྒྱུད་པ་ནི། ཆོས་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ། ལོངས་སྐུ་གཤིན་རྗེ་གཤེད་པོ། སྤྲུལ་སྐུ་འཇམ་དཔལ་བཤེས་གཉེན། འཇམ་དཔལ་བསྟན་པ། རོ་ལངས་བདེ་བའི་རྡོ་རྗེ། རྒྱལ་པོ་བྷ་ཧེ་ཏ། དྲང་སྲོང་ད་བི་ཤ་ཏ། སྲས་བྷ་ཧ་ཏེ། དགེ་སློང་མ་དྷེ་མ། ཨ་ཙརྱ་དེ་བ་ཧ་ས། བྷ་ར་ཧ་ས། ལས་ཀྱི་རྡོ་རྗེ། བདེ་བའི་མྱུ་གུ། དེས་པད་མ་སམ་བྷ་བ། དེས་ཁྲི་སྲོང་ལྡེ་བཙན། རྡོ་རྗེ་གནོད་སྦྱིན། ནམ་མཁའི་སྙིང་པོ། ཛྙཱ་ན་ཀུ་མ་ར། སྣུབས་སངས་རྒྱས་ཡེ་ཤེས་དང་ལྔ་ལ་གནང༌། དེས་ཡོན་ཏན་རྒྱ་མཚོ། དེས་ཡེ་ཤེས་རྒྱ་མཚོ། པད་མ་དབང་རྒྱལ། ཆོས་ཀྱི་སྙིང་པོ་ལ་སོགས་པ་ལ་བརྒྱུད་དོ། །གསང་སྔགས་རྡོ་རྗེ་ཕུར་པ་ནི། རྗེ་པད་མས་མཆིམས་ཤཱཀྱ་པྲ་བ་ལ་བརྒྱུད་པས། ཕུར་པ་མཆིམས་ལུགས་སུ་གྲགས་སོ། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་བརྒྱུད་པས་སྣ་ནམ་ལུགས་གྲགས།