R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
མཁར་ཆེན་བཟའ་ལ་བརྒྱུད་པ་ལ་ཇོ་མོ་ལུགས་སུ་གྲགས། ཇོ་མ་ལ་ལང་ལབ་བྱང་ཆུབ་རྡོ་རྗེས་ཞུས་པས་ཕུར་པ་ལང་ལབ་མར་གྲགས། ལྕམ་མཆོད་གནས་མའི་ལུགས་ལ་ཕུར་པ་ལྕམ་ལུགས་སུ་གྲགས། མཁར་ཆེན་དཔལ་གྱི་དབང་ཕྱུག་དང༌། ཤུད་པུ་དཔལ་གྱི་སེང་གེ་ལ་ཕུར་པ་རྩ་ཐུང་དུ་གྲགས། ལང་ལབ་ཀྱི་ནག་གྱེན་འགྱེལ་ལ་བརྒྱུད་པ་ཕུར་པ་ཀྱི་ལུགས་སུ་གྲགས། རྗེ་པད་མ། བལ་པོ་ཤཱི་ལ་མཉ྄ཛུ། བི་མ་ལ་གསུམ་གྱི་དགོངས་པ་བསྡེབས་ནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གནང་བས། ཕུར་པ་རྣམ་གསུམ་རྒྱལ་པོ་སྐོར་དུ་གྲགས། བི་མ་ལས་ཛྙཱ་ན་ལ་གཏད་པ། དེས་འོ་བྲན་དཔལ་གྱི་གཞོན་ནུ་ལ་གནང༌། འོ་བྲན་གྱིས་ཕུར་པ་ཤམ་སྔོན་ཅན། མདོ་ལུགས་ལུ་གུ་བརྒྱུད་དུ་གྲགས། གཟན་ཡང་པད་མ་དབང་ཆེན་རྟ་མགྲིན་གྱི་སྐོར། རྟ་མཆོག་རོལ་པ་ཆ་ལག་དང་བཅས་པལ། སངས་རྒྱས་དབང་གི་རྒྱལ་པོ། པད་མ་ལས་ཀྱི་སེམས་དཔའ། སློབ་དཔོན་ན་ག་མཉ྄ཛུ་ན། ཨ་དེ་བ། ཤིང་གི་ལྷ་མོ་འོད་མཚུངས་མ། མཁན་པོ་ཨིནྡ྄ར་བྷོ་དྷི། མ་ཧ་ར་ཛ། ལྷའི་རྒྱལ་པོ་དེ་བ་ར་ཛ། གཡུ་སྒྲ་སྙིང་པོ་ལ་གདམས་པ་དང༌། ཞུ་བ་པོ་དགེ་སློང་ངན་ལམ་རྒྱལ་བ་མཆོག་དབྱངས་ལ་གདམས་པ་གཉིས་ལ་དབུས་ལུགས་ཁམས་ལུགས་གཉིས་སུ་གྲགས། དེ་གཉིས་ཀྱི་སློབ་མ་འདི་ན་གསལ་བའི་རྡོ་རྗེ་དང༌། རྩེ་རོམ་རྒྱལ་བའི་ཡོན་ཏན། བེག་ཡོན་ཏན་ལེགས་པ། གཡས་ཆེན་ལེགས་པའི་བློ་གྲོས། སྨྲ་སྟོན་དཔལ་གྱི་རྒྱལ་པོ། སོག་སྟོན་ཡེ་ཤེས་བློ་གྲོས། སོག་པོ་དཔལ་གྱི་དབང་ཕྱུག འཚལ་ཆུང་ཤེས་རབ་རིན་ཆེན་ཡན་ཆད་རབ་ཏུ་བྱུང་བ་ཡིན། དེ་ནས་སྔགས་པ་ཡིན་ཏེ། སོ་སྟོན་འབྱུང་གནས་བྱང་ཆུབ། སོ་སྟོན་སྨྱོན་པ། སོ་སྟོན་པད་མ་སངས་རྒྱས། སོ་པད་མ་སེང་གེ། སོ་ཡེ་ཤེས་འབར། སོ་པད་མ་འབར། སོ་ཆོས་ཀྱི་རིན་ཆེན་རབ་ཏུ་བྱུང་བ་གྲུབ་པ་བརྙེས་པ་བྱུང་ངོ༌། །འཚལ་ཆུང་གི་སློབ་མ་གཉན་སྟོན་བྱང་ཆུབ་ཤེས་རབ་ལ་སོགས་པ་རིམ་པར་བརྒྱུད་དོ། །གསང་བ་སྒྱུ་འཕྲུལ་གྱི་བཀའ་དང༌། མདོ་ལུང་སེམས་ཕྱོགས་རྣམས་སངས་རྒྱས་ཡེ་ཤེས་ཀྱིས་ཐུགས་སྲས་བཞི་ལ་དར་བར་མཛད་དེ། ཐབས་ཀྱི་རྒྱུད་གསང་སྔགས་སྒྱུ་འཕྲུལ་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པ། རྒྱལ་བ་རིགས་ལྔ། ཐུབ་ཆེན་ལོངས་སྤྱོད། རྫོགས་པའི་སྐུར་བཞེངས་ནས། རྒྱལ་སྲས་རིགས་གསུམ་ལ་གསུངས། དེའི་ནང་ནས་དོན་སྡུད་པ་པོ་ཕྱག་ན་རྡོ་རྗེས། སྐལ་ལྡན་རྒྱལ་པོ་ཛ། དགེ་སལྔ་ཀུ་ཀུ་ར་ཛ། དགེ་སློང་མ་ཀུན་དགའ་མོའི་སྤྲུལ་པ་ཨིནདྲ་བྷོ་དྷི་དང་གསུམ་ལ་བཤད། དེས་སྲས་མོ་གྷོ་མ་དེ་བྱི། དགེ་སློང་མ་ཀུན་དགའ་མོས་སངས་རྒྱས་གསང་བ། སངས་རྒྱས་ཞི་བ་ལ་སྟེ་ལུགས་གཅིག་ཡིན། གྷོ་མ་དེ་བྱིས། ཀླུ་སྒྲུབ། དེས་རྡོ་རྗེ་བཞད་པ། དེས་རྡོ་རྗེ་བཞད་པ། དེས་རྡོ་རྗེ་ཧཱུཾ་མཛད། བི་མ་ལ། ཤན་ཏི་གརྤ། ཀ་མ་ལ་ཤཱི་ལ། པད་མ་འབྱུང་གནས་དང་ལྔ་ལ་བཤད་དེ། རྒྱ་གར་གྱི་བརྒྱུད་པའོ། །བོད་དུ་ལོ་ཙཱ་བ་སྙགས་ཡེ་ཤེས་གཞོན་ནུ་དང༌། རིན་ཆེན་མཆོག་གིས་བསྒྱུར་ནས། དེས་གཙུག་རུ་རིན་ཆེན་གཞོན་ནུ། དེས་ཞང་རྒྱལ་བའི་ཡོན་ཏན་དང༌། དར་རྗེ་དཔལ་གྱི་གྲགས་པ་ལ། ཞང་གིས་ཡེ་སྙ་ཡོད་ཏན་བཟང་པོ། དེས་ཞང་བྱུང་ཆུབ་འབྱུང་གནས། དེས་ཟ་རིག་ཡེ་ཤེས་འཕགས་ལ། དེས་སྣུབས་བླ་ཆེན་བྱང་སྙིང༌། ཡོལ་ལྕགས་གླང་སྔོན་ཅན། ཕུག་རོག་བྱང་བསོད། སྤྱལ་སེར་ཚ་མ་རུ་དང་བཞི་ལ་བཤད་དོ། །དེ་བཞིས་རེ་ཁུད་ཀྱི་སྙན་དབང་གྲགས། དེས་ཟུར་པོ་ཆེ་ཤག་འབྱུང་ངོ༌། །ཡང་ལུགས་གཅིག་ལ། རྨ་ལོས་དར་རྗེ་དཔལ་གྲགས། དེས་སྣུབས། དེས་སོ་ཡེ་དབང༌། ངབ་ཐུང་ཆུང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཤེས་རབ་མཆོག ཡེ་ཤེས་འབྱུང་བ། ཟུར་པོ་ཆེའོ། དགོངས་པ་འདུས་པ་དང༌། ལུང་གི་མདོ་ལྷའི་བརྒྱུད་ཁུངས་ནི། སངས་རྒྱས་སྐུ་གསུམ་གྱིས། སྲིན་པོ་བློ་གྲོས་ཐབས་ལྡན། ལྷ་ཚངས་པ་བློ་གྲོས་དད་སེལ། ཀླུ་འཇོག་པོ་བློ་གྲོས་རྒྱ་མཚོ། མི་ལི་ཙ་བྱི་བློ་གྲོས་རབ་ཞི། གནོད་སྦྱིན་སྐར་མདའ་མདོང་བློ་གྲོས། སངས་རྒྱས་རིགས་གསུམ་གྱི་ནང་ནས་གསང་བདག་གིས། དགེ་བསྙེན་ལི་ཙ་བྱི་དང༌། རྒྱལ་པོ་ཛ། རྒྱལ་པོ་ཨུ་པ་ར་ཛ་གསུམ་ལ་གདམས། རྒྱལ་པོ་ཛ་ཡིས། ཤཱ་ཀྱ་སྤུ་རི་དང༌།