R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སྲས་མོ་གྷོ་མ་དེ་བྱི་གཉིས་ལ། དེས་ཏི་ར་མ་ཏི། བཞད་པའི་རྡོ་རྗེ། དེས་ཧཱུཾ་ཀ་ར། དེས་ཀ་མ་ལ་ཤཱི་ལ་དང༌། དི་ན་མི་ཏྲ་དང༌། སྒེག་པའི་རྡོ་རྗེ་དང་གསུམ་པོས། ཆོས་བློན་བདེ་བ་དང༌། མཁན་པོ་ཆོས་རྒྱལ་སྐྱོང་དང༌། ཆོས་ཀྱི་བྱང་ཆུབ་དང༌། དྷརྨ་རཀྵི་ཏ་དང་བཞི་ལ་བཤད་དེ་རྒྱ་གར་གྱི་བརྒྱུད་པའོ། །བོད་དུ་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་མདོ་ཁམས་མཁས་པ་བཞི་ལ་གཏུགས་ནས་བསྒྱུར་རོ། །དེ་རྗེས་ནས་དྷརྨ་རཀྵི་ཏ་དང་དྷརྨ་བོ་དྷི་གཉིས་ལ་ལོ་ཙཱ་བ་སྣུབས་སངས་རྒྱས་ཡེ་ཤེས་རིན་ལཔོ་ཆེས་ཞུས་ཏེ་གཏན་ལ་ཕབ། དེས་ཐུགས་སྲས་བཞི་ལ། བཞིས་སྤ་གོར་བློན་ཆེན་འཕགས་པ་ལ་གནང༌། དེས་དན་ཡོན་ཏན་མཆོག དེས་བེགས་གསལ་བའི་བྱང་ཆུབ། དེས་རྒྱ་བློ་གྲོས་གཞོན་ནུ། དེས་ཞུ་བསོད་ནམས་ཤཱཀྱ། དེས་རྒྱ་ཤཱཀྱ་མཆོག དེས་བླ་ཆེན་ཟུར་པོ་ཆེ་ལའོ། །སེམས་ཕྱོགས་ཨ་ཏིའི་བརྒྱུད་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོས་རང་དང་ཐ་དད་མི་མངའ་བ་རིགས་ལྷའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ། དེས་དོན་སྡུད་པ་པོ་ཐ་དད་མེད་པ་རྡོ་རྗེ་སྙིང་པོ་ལའོ། །དེས་ཡང་སྤྲུལ་དགའ་རབ་རྡོ་རྗེ། དེས་འཇམ་དཔལ་བཤེས་གཉེན། དེས་གདུང་རབས་ཉི་ཤུ་རྩ་ལྔ་ལ་སོགས་པ་མཁས་པ་ལྔ་བརྒྱ་ལ་བརྒྱུད། དེས་པཎྜི་ཏ་ཤྲཱི་སིང་ཧ། དེས་ལོ་ཙཱ་བ་བཻ་རོ་ཙ་ན། དེས་རིམ་པར་གཡུ་སྒྲ། ཛྙཱ་ན། སོག་པོ་དཔལ་གྱི་ཡེ་ཤེས། སྣུབས་ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ་དང༌། པད་མ་དབང་རྒྱལ། ཉང་ཆེན་ཉང་ཆུང༌། ཟུར་པོ་ཆེ་ལའོ། །བོད་ཀྱི་བརྒྱུད་པའི་བཀའ་བབས་ལྷ་རྗེ་ཆེན་པོ་འུག་པ་ལུང་པ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། སློབ་མ་རྩེ་མོ་བཞི་ནི། ལྟ་དགོངས་སྒོམ་སྒྲུབ་ཀྱི་རྩེ་མོ་ཟུར་ཅུང་ཤེས་རབ་གྲགས་པ། བཤད་པའི་རྩེ་མོ་བྲེས་ཀྱི་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ར་ཟ་གླིང་པའི་ཞང་འགེས་ཆུང༌། ཕྱག་བཞེས་ཀྱི་རྩེ་མོ་ཤངས་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་བརྒྱད་ནི། དགེ་བཤེས་ལོ་རོག བྲམ་ཟེ་རྩགས་བླ་མ། སུམ་པ་བློ་རྒྱ། ལོ་ཆུང་ཤཱཀྱ་རྒྱལ་པོ། རྟ་རོ། སུམ་པ་དབང་ཚུལ། བླ་ཆུང་འོད་སྐྱིད། ཆགས་སྟོན་ནམ་མཁའ་འོ། །གཞན་ཡང་སྒོམ་ཆེན་པ་བརྒྱ་རྩ་བརྒྱད་བྱུང་ངོ༌། །ལྷ་རྗེ་རྒྱ་བོ་པ་ཟུར་ཅུང་ཤེས་རབ་གྲགས་པ་ལ། ཐུགས་སྲས་བཀའ་བབས་བཞི་ནི། བདོའི་བཀའ་བབས་ཤབ་ལུང་ནག་སྐྱེད་ལུང་ཡང་ཁྱེང་བླ་མ། སེམས་ཕྱོགས་ཉམས་ལེན་གྱི་བཀའ་བབས། ར་ས་གོང་བུའི་སྐྱོ་སྟོན་ཤག་ཡེས། སྒྱུ་འཕྲུལ་གྱི་བཀའ་བབས་གཡས་རུ་ཅུ་བར་བ་གླན་ཤཱཀྱ་བཟང་པོ། ཕྱག་བཤེས་མན་ངག་ལ་མཁས་པའི་བཀའ་བབས་ནག་མོ་རི་གསེབ་པ་དྷ་ཏི་ཇོ་ཤག་གོ། །གདུང་འཛིན་བརྒྱད་ནི། བསྐྱེད་རྫོགས་གསུམ་གཉིས་ལ་མཁས་པ་ཉང་རོ་ཆུ་སྒོའི་མ་ཐོག་བྱང་འབར། ཤངས་ཉ་ཚལ་བ། གླན་ཤཱཀྱ་བྱང་ཆུབ། སྣ་ནམ་པ། སྣུབས་སྟོན་བག་མ། ཤངས་བྲམ་པ། རྩགས་ཤག་རིན། ནེ་སེར་གྱི་སྐྱོ་སྟོན་ཆོས་སེང༌། དབུས་པ་སངས་རྒྱས་རྡོ་རྗེ། ལ་སྟོད་བྱང་པ། ཤུད་སྟོན་ཟླ་གྲགས། སྟག་སྡེ་བ། རྩེ་རོམ་བྱང་ཆུབ་དཔལ་ལོ། །བདེ་གཤེགས་རྒྱ་བོ་བའི་སློབ་མ་ལ་མངའ་བ། འགོས་བྱ་ཚ། མེག་ཆུང་དབང་སེང༌། སྤྱལ་སྟོན་ཡོན་ཏན་རྒྱལ་པོ། འགར་སྟོན་རྒུ་རུ། ལོ་སྟོན་ཤེས་རབ་རྒྱལ་པོ། དེ་རྣམས་ཆ་ཕྲན་ཡིན། དེ་རྣམས་ལ་སྒྲོ་ཕུག་པ་ཤཱཀྱ་སེང་གེས་ཞུས། དེ་ལ་སློབ་མ་ནག་པོ་བཞི། མེ་བཞི་སྟོན་བཞི་རིང་དང་ལྔ༌། ཅོ་རོག་པ་བརྒྱད་ལ་སོགས་རྒྱ་དཔོན་ཕེར་བ་སྟོང་ཕྲག་ཐོན་ནས། བཀའ་སྡེ་ཟུར་ཚོ་ཞེས་གྲགས་ཏེ། སྐོར་རེ་ལ་གདུགས་ཐོགས་ཀྱི་དགེ་བཤེས་སྟོང་ཉིས་བརྒྱ། རྔ་ཐོགས་ཀྱི་བན་དེ་སྟོང་ལྔ་བརྒྱ་རེ་ཐོན་ཏེ་གསང་སྔགས་སྔ་འགྱུར་གྱི་མེ་རོ་བསླངས་ནས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ཀྱི་བསྟན་པ་དར་བར་མཛད། གསང་སྔགས་མ་མོའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས་མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀས། དོན་སྡུད་པ་པོ་གནོད་འདུལ་ལྷ་ལ། དེས་མེ་རི་འབར་བའི་གཞལ་ཡས་ཁང་དུ་ཕྲ་མེན་རྒྱ་མཚོ་མ་ལ་བརྒྱུད། དེས་རི་བོ་མ་ལ་ཡར། བློ་ལྡན་རྒྱལ་པོ་ད་ལ། དེས་ཐོ་གར་ཡུལ་དུ། ལི་ཙ་དྲི་མ་མེད་པ་ལ། དེས་ཨོ་རྒྱན་གྱི་རི་ནག་པོ་ཐེག་བསྡུས་སུ། ཟ་གད་སྐྱ་རིངས་བློ་ལྡན་ལ།