R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 236
[A:236]༄༅༅།། །། ཨོཾསྭསྟིསིདྷམ།། དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོའི་རྣམ་པར་ཐར་པ་དང་གུས་སྒྲོན་མ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།། རྒྱལ་བརྣམས་ཀྱི་གསུང་གི་བཅུད།། བླ་མ་རྣམས་ཀྱི་གདམས་པ་ཡིས།། རང་གཞན་རྣམས་ཀྱི་དོན་གྲུབ་པ།། དམ་པ་རྣམས་ལ་ཕྱག་འཚལ་ནས།། ཐར་ལམ་དམ་པ་བསྒྲུབ་པའི་ཚུལ།། ཐར་ལམ་འདོན་གཉེར་གྱིས་བསྐུལ་ཕྱིར། ཐར་ལམ་རྡོ་རྗེ་ཐེག་མཆོག་ལ།། བདེ་གཤེགས་རྣམ་ཐར་མདོར་བསྡུས་བརྗོད།། བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་དགེ་སྤྱོང་ཀུན་དགའ་རྒྱལ་ཞེས་མཚན་རྒྱ་ཆེར་གྲགས་པ་དེ་ཉིད་ཀྱི། སྐུ་ཚེ་སྔ་མ་ལ་ཚོགས་གཉིས་རྒྱ་ཆེར་རྫོགས་ཤིང་། སྒྲིབ་གཉིས་ཕལ་ཆེར་དག་པར་མཛད་པའི་ཕྱིར། གཟུགས་སྐུ་འདི་ཉིད་ཀྱིས་མཆོག་གི་དངོས་གྲུབ་ལ་གཤེགས་པའི་ཚུལ། དེ་ཡང་སྐུ་འཁྲུངས་པའི་ཚུལ་ནི། འཁམས་ཀྱི་དབྱར་མོ་ཐང་གི་པའི་ཆ། ཤིང་ཀུན་སྷེ་ཆེན་གྱི་བྱ་འདབས་སུ་འཁྲུངས་སོ། གཞོན་ནུ་མཐོང་ན་དགའ་ཞིང་ཡིད་དུ་འོང་བ་དེ། སྐུ་ཞང་དཔོན་དོན་གྲུབ་དཔལ་གྱིས་བླངས་ནས། བླ་མ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་དྲུང་དུ་ཕུལ་ཏེ། སློབ་དཔོན་འབྱུང་གནས་ཀྱི་མགོ་གཉེར་མཛད་ནས། བླ་མའི་དུང་དུ་བཞག་པས། ཐུགས་ཤིན་ཏུ་བཀྲ་ཞིང་ཀུན་སྤྱོད་མཛེས་ལ། བྱ་བ་ལ་བཙོན་པས་མཉེས་ནས། དམ་ཁའི་