[A:105]
གཡོག་དང་། བདེ་བར་གཤེགས་པའི་སྐབས་སུ་ཞབས་ཏོག་ཁོ་ཐག་ཆོད་པ་ཞིག་བྱ་བའི་སྐལ་བ་མེད་པ་འདི་ལྟ་བུ། ཡིད་མུག་ཚད་གཟུང་ག་ལ་ཡོད། ད་ནི་བསམ་ཐོས། རེ་ཐག་བགས་ཞེན་སྤུ་ཙམ་ཞིག་མེད་པས། ད་ནི་བདག་ཀྱང་ལུས་སྡུག་བསྔལ་གྱི་ཕུང་པོ་འདི་དོར་ཏེ། སྐྱབས་གནས་རིན་པོ་ཆེ་དེ་ཉིད་ཀྱི་ཕྱགས་ཕྱིར་སྨོན་ལམ་བཏབ་སྟེ་འགྲོ་བར་སྙམ་དུ་བློ་ཐག་བཅད། འཇིག་རྟེན་ན་ཕ་བུ་དང་། དཔོན་སློབ། སྔ་མོ་ནས་འབྲལ་བའང་འདུག །། འཁོན་གྱིན་འགྲོགས་པའང་འདུག །། མི་ལོ་སུམ་བཅུ་སོ་དགུར། ཆོས་འཇིག་རྟེན་གཉིས་ཀའི་ཚུལ་ལ་ཚད་དུ་འགྲོགས། ད་དུས་ངན་ཐ་ཆད་འདིར་དབང་མེད་སྡུག་བསྔལ་མ་བསགས་པར་བསྐྱབས་གནས་རིན་པོ་ཆེ་དེ་ཉིད་ཀྱི་རྗེས་སུ་འབྲེང་དུ་ཡོད་པའང་ལེགས་སོ་སྙམ། འོན་ཀྱང་འདབ་གཤོག་རྫོགས་འདི་ཚར་བར་བསྒྲུབས་ནས། ཇི་སྲིད་དུ་སྤུར་ལ་ཞུས་བཏང་བའི་ཚེ་བདག་གིའང་བྱ་བ་རྫོགས་པར་བྱའོ་སྙམ། དཔོན་ཆེན་སི་ཏུས་ཀྱང་སྲན་གླགས་མེད་པའི་ཐུགས་ཁྲལ་མཛད། ཞལ་ཏ་འཐེམས་པར་མཛད་ནས། བདག་བཅུ་གཅིག་གི་མཚན་དང་། བཅུ་བཅུན་གྱི་ཉིན་མཚན་བརྐྱང་ནནས་ཡོངས་ནས་ཡོངས་པའི་ཐོ་རས་དོར་ཏེ་མར་ཡོང་གིན་ཡོད་པའི་ལམ་རྟ་ཐོག་ཏུ་གཉིད་ཡུར་ཙམ་ཞིག་བྱུང་བའི་སྐབས་སུ། རྗེ་རིན་པོ་ཆེ་བར་དོ་དང་པོའི་འོད་གསལ་ཆོས་ཀྱི་དབྱིངས་སུ་བཞུགས་པའི་ཆོས་ཀྱི་སྐུ་དེ་དང་། བདག་གི་གཏི་མུག་འོད་གསལ་དུ་ཤར་བའི་ངང་དུ་མཇལ། དེ་རང་ཐུགས་རྗེ་བསམ་གྱིས་མི་ཁྱབ། བསྐལ་པ་བརྒྱར་ལུས་སྲོག་ཞལ་ཀྱང་། སྐུ་དྲིན་འདི་གཅིག་བུའང་ཁོར་བ་མ་མཆིས། གཟུགས་ཀྱི་སྐུ་ཐ་མ་དང་མ་མཇལ་བའི་སྔུག་བསྔལ་ལའང་། འདིས་