R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 107
[A:107] ཉམས་རྟོགས་ཤར་ཏེ། ལུས་ཀྱི་ན་ཚ་བྱང་། སེམས་ཀྱི་སྒྲིབ་པ་དག །། དམ་པ་རྣམས་ལ་དགེ་སྦྱོར་གྱི་བོགས་ཆེན་པོ་ཐོན། མྱ་ངན་གདུང་ཤུགས་གང་ཆེ་བ་དེ་བྱིན་བརླབས་ཀྱི་ཐོབ་ཆེ་བར་བྱུང་སྟེ། འདི་ཡང་འགྲོ་དོན་ཕྲིན་ལས་སྟོན་ཚུལ་ཞིང་སངས་རྒྱས་མྱ་ངན་ལས་འདས་པ་དང་འདྲ་མོད། སྔོན་རྒྱལ་བ་མྱ་ངན་ལས་འདས་པའི་དུས་སུ། འཕགས་པ་བ་ལང་བདག་ལ་སོགས། མྱ་ངན་མ་བཟོད་ནས་རྫུ་འཕྲུལ་གྱི་མོས་ཏེ་མྱ་ངན་ལས་འདས་པ་ལྟར། སྐྱབས་གནས་རིན་པོ་ཆེ་འདི་བདེ་པར་བཤེགས་པ་མ་བཟོད་ནས། སྐྱོར་མོ་ལུང་གི་སློབ་དཔོན་འགའ་གཟུན་པ། སྤྱན་གཡས་ཀྱི་མཁན་པོ་རྒྱལ་ཚ། རྟོགས་ལྡན་དར་མ་རྒྱལ་མཚན། ཚོགས་པའི་མཁན་པོ་སེང་གེ་རྒྱལ་མཚན་པ་ལ་སོགས་ཀྱང་མྱ་ངན་འདས། ས་སྐྱ་པ་བླ་དབོན་རྣམས་ཀྱིས་གཙོ་མཛད། ཆེ་གཉན་བཙུན་གསུམ་ཐམས་ཅད་གནང་སྦྱིན་དང་གདུང་འབུལ་ཆེར་མཛད། འཚལ་པ་ལ་གཏོགས་པ་ཐམས་ཅད་ཀྱིས། རང་རང་གི་འབྱོར་པ་དང་མོས་གུས་དཔག་ནས་འབད་པ་སྟོན། བདེ་བར་གཤེགས་མ་ཐོག་ནས། རིན་ཆེན་བྲག་ཏུ་བླ་མ་རྟོགས་ལྡན་ཟླ་སོང་བ་དང་། གདུང་གི་དྲུང་དུ་སློབ་དཔོན་ཤཱཀྱ་སེང་གེ་དཔོན་སློབ་ཀྱིས། ཀུན་རྫོབ་ལྷ་སྐུའི་དཀྱིལ་འཁོར་དང་། དོན་དམ་ཕྱག་རྒྱ་ཆེན་པོའི་དཀྱིའ་འཁོར་ཞལ་ཕྱེ་ནས། བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་ཀ་གསོལ་བ་བཏབ་ཅིང་མཆོད་པ་ཕུལ། སྔར་གྱི་སྐུའི་རིང་?????????ཟླ་བ་བཅུ་ཉིས་ཤུ་གསུམ་གྱི་སྔ་དྲོ། བླ་མ་ཁུ་དབོན་གཉིད་གདན་ཕེབས། སློབ་དཔོན་ཆེན་པོ་བསོད་ནམས་