R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 108
[A:108] བློ་གྲོས་པ་དང་། ཁང་གསར་བ་ཕྱིབས་པས་མ་ལྕོགས་པར་མ་བྱོན། དཔོན་ཆེན་སི་ཏུ་བའང་དབུས་ཕྱོགས་ཀྱི་མི་སྡེ་ལ་གཟན་དོགས་པས་མ་བྱོན། འདུས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དང་། བདེ་བར་གཤེགས་པ་ཤཀྱཱའི་རྒྱལ་པོའི་རྒྱལ་ཚབ། འགྲོ་་མགོན་ཆོས་རྗེ་ཁུ་དབོན་གྱི་གདན་ས། དཔལ་ལྡན་ས་སྐྱའི་བླ་ཆོས། འཇམ་པའི་དབྱངས་ཀྱི་སྤྲུལ་པ། གདུང་བརྒྱུད་རིན་པོ་ཆེ་ཁུ་དབོན། དཔལ་ལྡན་བླ་མ་དམ་པ་འགྲོ་བའི་མགོན་པོ་བསོད་ནམས་རྒྱ་མཚན་དཔལ་བཟང་པོ་པ་དང་། སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱ་མཚན་པ་ཞལ་རྣམ་གཉིས་ཉི་ཟླ་ཟུང་གཅིག་གི་ཚུལ་དུ་ཀུན་གྱི་ཐོག་མར་བཞུགས། ས་སྐྱའི་བླ་མ་མངོན་དགའ་བ་ཀུན་དགའ་དཔལ་དང་། མཁན་པོ་ནམ་མཁའ་ཡེ་ཤེས་པས་གཙོ་མཛད། དྲུང་འཁོར་གྱི་དགེ་བཤེས་ཉེ་གནས་དང་བཅས་པ་དང་། འཚལ་པའི་རིན་པོ་ཆེ་པ་དང་། མཁན་སློབ་གསུམ་བུ་ཆེན་རྣམས་དང་། ཇོ་གདན་ཚོགས་པའི་མཁན་པོ་དོན་གྲུབ་དཔལ། ཟུལ་སྐྱོར། ནེའུ་ཐོག་གླིང་སྟོད་སྨད། དགའ་ལྡན་བདེ་བ་ཅན། གནས་ཚོ་གསུམ་ལ་སོགས་ཀྱི་བླ་ཆོས་པ་རྣམས་ཀྱིས་གཙོ་མཛད། དགེ་བའི་བཤེས་གཉེན་དགེ་འདུན་འདུས་པ་ཁྲི་ཁྲག་གསུམ་དང་སྟོང་ཕྲག་བརྒྱད། སྐྱ་བོ་ཁྲི་ཁྲག་གཅིག་དང་སྟོང་ཕྲག་དྲུག་སྟེ། ཕོན་དུ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག་འཚོགས་པ་ལ། ཉི་མ་རྩེ་ཤར་ནས་ཚན་པ་གསུམ་དུ་སྒོ་ལ་བཤར་ནས། དགེ་འདུན་ལ་འགྱེད་ཞོ་རེ་མ། སྐྱ་བོ་ལ་བཞི་ནམ་མ་ལྷག་ཆད་ཉེ་རིང་མེད་པར་བཀྱེ་བས། གསེར་སྲང་སྟོང་ཆིག་བརྒྱ་བཅུ་རྩ་གསུམ་ཞོ་གསུམ། ཇ་སིག་ཆེན་བཞི་བརྒྱ་བརྒྱད་བཅུ་རྩ་བརྒྱད། ཐེར་ཕུག་ཉིས་སྟོང་བཞི་བརྒྱ་བདུན་བཅུ་རྩ་ལྔ། དར་ཡུག་བཞི་