R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 109
[A:109] བརྒྱ། ཟངས་སྡེར་སྟོང་ཕྲག་ལྔ་དང་ལྔ་བརྒྱས་ཁྱེད། དེ་ནས་ཐམས་ཅད་བྱེ་ཐང་ཆེན་པོར་གྲལ་བྱས་ཏེ་ཆོས་སྟོན་མང་ཇ་དྲངས། བླ་མ་བཞི་ཐོག་པའི་དྲུང་དུ་གསེར་བྲི་ཆེན་བཞི་གིས་གཙོ་བྱས་དགུ་ཚན་དགུ། སློབ་དཔོན་ཆེན་པོ་ཞལ་རྣམ་པའི་དྲུང་དུ། དངུལ་བྲེ་ཆེན་རེས་གཙོ་བྱས་པའི་དགུ་ཚན་མང་ཉུང་རིམ་པ་དང་། གཞི་བྱེས་ཀྱི་བླ་མ་དགེ་འདུན་འདིར་འཚོགས་པ་དང་། ཕྱོགས་ཕྱོགས་ན་བཞུགས་པ་ཐམས་ཅད་ལ་གང་ལ་གང་འོས་ཀྱི་འབུལ་བ་གྱ་ནོམ་པ་ཕུལ་བའི་དངོས་པོ་ཀུན་དྲིལ་བས། གསེར་སྐུ་ཆེ་ཆུང་སུམ་བཅུ་རྩ་དྲུག །། གཡུ་རྙིང་ཆེ་བ་བརྒྱད། གསེར་ལིང་མ་བྲེ་ཆེན་གསུམ། སིམ་མ་སྲང་བཅུ་བདུན་དང་ཞོ་དོ། གསེར་སྤྱད་སྲང་གསུམ་དང་བཅུ་སོ་བཞི་། དངུལ་བྲེ་ཕྱེད་ཉི་ཤུ། དངུལ་གྱི་སྤྱད་ས་སྣ་གྲངས་སུ་བཅུ་སོ་གསུམ། གོས་ཡུག་བརྒྱ་ཉི་ཤུ། དར་ཡུག་བརྒྱ་བཞི་བཅུ་རྩ་གཉིས། རྟ་བརྒྱ་དང་བཞི་བཅུ་རྩ་གསུམ། མཛོ་བཞི་བཅུ་རྩ་གསུམ་དང་། དཀར་ཡོལ་འབྲུག་རྒྱབ་དང་མ། རིན་པོ་ཆེའི་སྤྱད་པ་ལ་སོགས་རྒྱ་བོད་ཀྱི་ནོར་སྣ་སྤུས་གཙང་བ་དང་ཚན་ཆེར་ཕུལ། སློབ་དཔོོན་གྲགས་པ་བཤེས་གཉེན་པས་མོལ་བ་བཏང་། འདི་འདྲའི་སྐབས་སུ་བདག་ཅག་འཚལ་པ་ཐམས་ཅད་ལུས་ཀྱི་ཤེད་ཆག །། ངག་གི་གདངས་འཛེར། སེམས་ཀྱི་རྩལ་ཤོར། གྲལ་ཚུགས། འགྲོ་ཚུགས་ཐུབ་མི་ཐུབ་ཙམ་ལས་མེད་ནའང་། སྐྱབས་གནས་རིན་པོ་ཆེ་དེ་ཉིད་ཀྱི་ཐུགས་རྗེས་བྱིན་གྱིས་བརླབས་ཤིང་། ཕྲིན་ལས་ཀྱིས་དཀར་པོའི་ལྷ་རྣམས་བསྐུལ་བས་བར་ཆོད། འཐག་རྩོད། ལྷག་ཆད། མི་ཤེས་པའི་སྐྱོན་གང་ཡང་མ་བྱུང་བར་འབུལ་བ་འགྱེད་མགོ་ཐོན་པ་ཙམ་བྱུང་། བྱ་བ་འདི་རྣམས་དགོས་