R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 110
[A:110] པ་བཞིན་མ་བྱུང་བར། རེ་བ་བཞིན་བྱུང་བས་ད་དུང་ཕྲིན་ལས་ཀྱི་ལྷག་མ་ཡོད་སྲིད་པར་འདུག་སྙམ་དུ། བདག་ཀྱང་ཞབས་ཏོག་གི་ལྷག་མ་རྣམས་ལ་སྤྲོ་རིང་བ་ཙམ་བྱུང་། ཉི་ཤུ་གཉིས་ནས་གསུམ་དུ་འགྲོ་བའི་ཐེ་རས་འཇའ་ཚོན་གྱི་སྤྲིན་གདུགས་ཕུབ་པ་ལྟ་བུ་འཚལ་གྱི་སྟེང་དུ་བྱུང་། ནམ་ལངས་དུས་སུ་ནམ་མཁའ་སྤྲིན་འཁྲིགས། འགྱེད་མགོ་ཚུགས་དུས་སྤྲིན་ཐམས་ཅད་དངས་ནས་གཅིག་ཀྱང་མེད་པ་ལ། འགྱེད་ཚར་ནས་གྲལ་འཁྲིགས་དུས་དཔལ་གྱི་རི་བོའི་རྩེར་འཇའ་ཚོན་གྱི་སྤྲིན་གཅིག་བྱུང་། དེ་ལས་འཕྲོས་ནས་འཇའ་ཚོན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་ལྷ་བཟོ་མཁས་པས་བྲིས་པ་བབ་ལྷག་པ། མེ་ཏོག་གི་ཟླུམ་ཆིངས་དང་གདུགས་དང་། བླ་རེ་དང་། སྐྱོང་དར་དང་། ཤིང་སྡོང་པོ་དང་། མེ་ཏོག་གི་སྡོང་པོ་སྣ་ཚོགས་ལྟ་བུས་ནམ་མཁའ་ཁེངས་ནས་ཐམས་ཅད་བྱང་ཤར་གྱི་ཕྱོགས་སུ་སོང་། མོལ་བ་གཏོང་བའི་དུས་སུ་སྤྲིན་མེད་པའི་ནམ་མཁའ་དངས་པ་ལ། མེ་ཏོག་གི་ཆར། ནམ་མཁའ་མཐོན་པོར་ལྡིང་བའི་དུས་སུ་སྐར་ཆེན་ཙམ་དུ་མངོན་པ་ལ། མར་བབས་ཀྱིན་ཆུང་དུ་སོང་ནས། ཉིས་ཐོག་གི་ཚད་དུ་ཕོ་རོན་སྒོ་ང་ཙམ་དུ་སྣང་བ་ལ། ཕལ་ཆེར་ས་ལ་མི་འབབས་པར་ནམ་མཁའ་ལ་སླར་ལོག་གིན་འདུག །། འགའ་རེ་མའི་ལག་དུ་བྱུང་བ་དངོས་མེད་དུ་ཡལ། བླ་མ་མངོན་ཁ་བ་ཁྲི་ཐོག་ན་བཞུགས་པའི་དཀར་ཡོལ་གྱི་ནང་དུ་གཅིག་བབས་འདུག །། བདག་གི་ལག་ཏུ་གཅིག་བྱོན། གཞན་ཡང་གཟུང་ནས་ད་ལྟ་བསྟན་དུ་ཡོད་པའང་འགའ་རེ་འདུག །། ལྟས་ངོ་མཚར་ཅན་འདི་རྣམས་ལ། ཉེ་བས་སྒྲོ་བཏགས་པ་མེད། རིང་བས་སྐུར་པ་འདེབས་པ་མེད། ཐམས་ཅད་སྣང་བ་མཐུན། ཡིད་ཆེས་ཀྱི་དག་སྣང་