[A:111]
ཕྱོགས་གཅིག་ཏུ་སྐྱེས། སྙན་པའི་གྲགས་པ་ས་སྟེངས་ཁྱབ། བདག་ཅག་རྣམས་ཀྱང་འདི་ལྟར་སྒོ་གསུམ་སྡུག་བསྔལ་བཞིན་དུ། གདུང་ཤུགས་མོས་གུས་ཀྱིས། ཞབས་ཏོག་གི་ཕྱི་མ་ལ་འབད་པ་འདི། སྐྱབས་གནས་རིན་པོ་ཆེ་ཁོང་རང་གིས་ནམ་མཁའི་མཐོངས་ནས་གཟིགས་ཀྱིན་ཡོད་པར་འདུག་སྙམ་དུ། ལྷག་པར་དུ་ཡུས་ཆེ་བའམ། གདུང་བ་འཕེལ་བའི་སེམས་ཚིམ་པ་འདྲ་ཞིག་ཀྱང་བྱུང་། བདུན་ཕྲག་གསུམ་ལ་དབུས་གླིང་གཟིམ་ཁང་དུ་མེ་ཏོག་གི་ཆར་བ་བབས་པ། རྒྱལ་བུ་དོན་གྲུབ་ཀྱིས་གཅིག་ཟིན་པ་ད་ལྟ་ཡོད། བདུག་ཕྲག་གི་ཚིགས་དང་། ཟླ་མཆོད་ཐམས་ཅད་ལ་འཇའ་ཚོན་གྱི་སྤྲིན་གྱིས་ནམ་མཁའ་འགེངས་པར་འདུག །། མེ་ཏོག་གི་ཆར་ཡང་ལན་འགའ་བྱུང་འདུག །། དཔལ་ལྡན་བླ་མ་བཞི་ཐོག་པའི་དྲུང་ནས། གུང་ཐང་དུ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར་བ་ཞག་བདུན་མཛད། སློབ་དཔོན་ཆེན་པོ་ཆོས་ཀྱིས་རྒྱ་མཚན་པའི་དྲུང་ནས། ལྷ་སར་ཀྱ་རྡོ་རྗེའི་དབང་བསྐུར་ཞག་གསུམ། རིག་པ་འཛིན་པ་རྣམས་ཀྱིས་ཞག་གཉིས་སུ་སྔགས་གསར་རྙིང་གི་དཀྱིལ་འཁོར་ཉིས་བརྒྱ་བཞེངས། རིན་པོ་ཆེ་ཡང་དགོན་པ་དང་། སློབ་དཔོན་བཀའ་བཞི་པས་གཙོ་མཛད་རྣམས་ཀྱིས། རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔ་ཞལ་ཕྱེ་ནས། གསོལ་འདེབས་ཀྱི་ཆོ་ག་བདུན་ཕྲག་གཉིས། བདུན་ཕྲག་བདུན་དུ་དཀྱིལ་འཁོར་ཆོ་ག་ཆ་ལྔ། བདུན་ཕྲག་གི་ཚིགས་ལ་ལྷ་ས་གུང་ཐང་གི་ལྷ་ཁང་དུ་སྣང་བསལ་ཕུལ། སྐུ་གདུང་གི་དྲུང་དུ། ཕྱི་ནང་གི་གསོལ་འདེབས་ཆ་གཅིག །། གུང་ཐང་དུ་ཆ་གཅིག་ལོ་འཁོར་བར་དུ་བགྱིས་ནས་གསོལ་བ་འདེབས་ཤིང་ཡོད་པ་ལགས། ཕྱོགས་ཕྱོགས་ནས་འབྲེལ་ཟབ། བུ་སློབ་ཡོན་བདག་རྣམས་ཀྱིས་རང་རང་གིས་རྒྱུ་སྦྱར་ནས་གསོལ་བ་