R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 112
[A:112] འདེབས་གྲངས་ཀྱི་མི་ཆོད་གདའ། བླ་མ་བཞི་ཐོག་པའི་དྲུང་ནས། དབུས་གླིང་ཀུན་དགའ་ར་བར། འཚལ་པའི་བླ་མ་རྣམ་པས་གཙོ་བྱས་ཆོ་ག་བ་དང་། གཞི་བའི་དྲག་རིམས་གསུམ་བརྒྱ་ཙམ་ལ་གྲོ་གནང་ནས། གདུང་འབུལ་དང་། གནང་སྦྱིན་བསམ་གྱིས་མི་ཁྱབ་པ་མཛད། ཞག་གཅིག་གི་ཆོ་ག་ཐམས་ཅད་གཟུང་། ས་སྐྱའི་ཚོགས་ཀྱི་གྲོ་ཙམ་གནང་བ་ཞལ་གྱིས་ཞལ་བཞེས། སློབ་དཔོན་ཆེན་པོས་དཔོན་སློབ་ཀྱིས་ཀྱང་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་གནང་། གཞན་ཡང་སྟག་ལུང་རིན་པོ་ཆེ་ལ་སོགས། ཕྱོགས་ཕྱོགས་ཀྱི་མི་ཆེན་པོ་ཀུན་གྱིས་ཀྱང་ཆོ་ག་འཛིན་པ་དང་ཐུགས་བརྩེ་མོ་མཛད། དབུས་ཀྱི་དགོན་སྡེ་ཆེན་པོ་ཐམས་ཅད་དུ་སྐུ་སྐལ་གྱི་མང་ཇ་འབུལ་བ་དང་བཅས་པ་རེ་བསྐུར། དེ་ཐམས་ཅད་དུའང་ནམ་མཁའ་ལེགས་པ་དང་། ཐམས་ཅད་ཡང་མཚན་སྐྱེ་ཞིང་མཉེས་པ་བྱུང་གདའ། ཁྱད་པར་དུ་སྟག་ལུང་ཐང་དུ་དགུན་ཕུ་ཆུ་དེ་འཁྱགས་ནས། མང་ཇའི་ཆུ་གཞུང་ཆུ་ལས་ལེན་དགོས་པའི་དཀའ་དུབ་ཆེན་པོ་ཡོད་པ་ལ། འདི་པའི་མང་ཇ་སང་སྐོལ་བའི་དོ་ནུབ་ཕུ་ཆུ་དེ་ཞུ་ནས། གཞུང་ཆུ་ལེན་མ་དགོས། ཇ་ཁོལ་རྟིང་ནུབ་མོ་ནས་ཕུ་ཆུ་???ཐམས་ཅད་ཡ་མཚན་སྐྱེས་པ་བྱུང་ཟེར། སློབ་དཔོན་ཆེན་པོ་བསོད་བློ་དང་། ཁང་གསར་བ་ལ་རྟིང་དུ་སྐུ་སྐལ་ཕུལ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར། བྱི་བ་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་ཆོས་སྟོན་དྲངས། རྩམ་པ་རིན་ཆེན་སྒང་ནས་གནང་། མར་ཞ་ལུ་བས་བཏང་། མགོ་འདོན་བཀོད་པ་བླ་མ་ཀུན་སྤངས་པ་དང་། མཁན་པོ་ནམ་ཡེ་བས་མཛད། ཞལ་ཏ་ཕྱག་ལེན་མཐིལ་ཞུགས་ཐམས་ཅད་དཔོན་སི་ཏུ་བས་ཐུགས་ལ་བཏགས། བླ་མ་ཁུ་དབོན་