R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 113
[A:113] ༄༅ ལ་ཕྱག་རྟེན་གཏོང་མི། སི་ཏུའི་སྲས་པོ་འམ་འདང་ཆེན་པ་སློབ་དཔོན་གྲགས་པ་དབང་ཕྱུག་གིས་མཛད། བླ་བྲང་ཐམས་ཅད་ཀྱིས་འདུན་པ་གཅིག་ཏུ་ཐུགས་ལ་བཏགས་པས་ཤེས་བྱུང་། དེ་ཉིན་ཡང་ནམ་མཁའ་དངས་པ་ལ་འཇའ་ཚོན་གྱི་བླ་རེ་ཕུབ་པས། ཐམས་ཅད་དག་སྣང་ཆེན་པོ་བྱུང་འདུག །། འགྱེད་བཞི་ནམ་རེ་བཀྱེ་བ་ལ་གསེར་སྲང་བརྒྱ་དགུ་བཅུ། སྤྲང་པོ་རྣམས་ལ་དར་ཁ་རེ་བཀྱེ་བ་ལ་དར་ཡུག་ལྔ་བཅུ། འབུལ་བ་ལ་གསེར་གྱི་སྤྲད་པ་སྣ་ཚོགས་ལ་གསེར་སྲང་བཞི་བཅུ་རྩ་དགུ་དང་ཞེ་ལྔ། དངུལ་བྲེ་ཆེན་གཅིག །། དངུལ་གྱི་སྤྱད་པ་སྣ་ཚོགས་ལ་དངུལ་བྲེ་བཞི་དང་ཞོ་བཞི། གཡུ་རྙིང་བཞི། ཇ་སིག་ཆེན་གསུམ། རྟན་གསུམ། དཀར་ཡོལ་འབྲུག་རྒྱས་དངས་མ་ལ་སོགས་པས་སྣ་དྲངས་པའི་འབུལ་བ་དངོས་པོ་དག་པ་ཕུལ། ཇོ་གདན་ཚོགས་པ་སྡེ་བཞི། སྣར་ཐང་། ཁྲོ་ཕུ། ཞ་ལུ། གནས་རྙིང་རྣམས་སུ་མང་ཇ་དང་འབུལ་སྐྱལ། བསམ་སྡིངས་སུ་ཚོགས་འཁོར་བྱས། གདན་ས་ཆེན་པོ་ནས་སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱ་མཚན་པ། སློབ་དཔོན་ཆེན་པོ་བློ་གྲོས་རྒྱ་མཚན་པ། བླ་མ་ཀུན་སྤངས་པ། ཞལ་ཏ་གནང་སྦྱིན་དང་། ཁྱད་པར་དུ་སྙེ་ཐང་ནས། སློབ་དཔོན་པོ་བསོད་ནམས་བློོ་གྲོས་པས། མང་ཇ་དང་གནང་སྦྱིན་ཆེན་པོ་དང་། མྱ་ངན་སེལ་བའི་ཞལ་ཏ་བསྐུར་ནས། སློབ་དཔོན་རིན་བཟངས་ལ་མངགས་ནས་བྱུང་། མེ་ཏོག་མཆོད་པའི་ཚེས་དགུ་ལ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་མང་ཇ་མཛད། རིན་པོ་ཆེ་པས་ཐོག་དྲངས་མཁན་སློབ་རྣམས་དང་། བདག་ཅག་ཐམས་ཅད་ལ་གནང་སྦྱིན་སྤྲད་ནས། ཞལ་ཏ་བསྒྱུར་གྱིན་གདའ། སྐྱབས་གནས་དམ་པ་