[A:114]
དེ་ལྟ་བུ་མི་བཞུགས་པས་མྱ་ངན་གི་གདུང་བ་ནི་ཇེ་ཆེར་མི་འགྲོ་བའི་ཐབས་མི་གདའ། མྱ་ངན་ལ་སྙད་པའི་གནོད་འཚེ་དང་། ཚུལ་མིན་གྱི་བྱ་བ་གང་ཡང་མི་བྱེད་པ་སྔ་ནས་ཀྱང་ཁྲིམས་སུ་བཅས་ལགས། སྤྱིར་ངན་སོང་གི་སྒོ་འགེངས་པ་དང་། མཐོ་རིས་སུ་འདྲེན་བདུན་ཚིགས་དང་། སྤུར་སྦྱོང་ལ་རེ་དགོས་པ་དེར་མི་གདའ། རང་མགོ་རང་གིས་ཐོན་ཟིན། གཞན་ལ་རེ་མི་དགོས་པའི་ཁྱོ་ག་དེར་འདུག །། འོན་ཀྱང་ཡུར་ཡེ་ཤེས་ཀྱི་མེ་ལྷ་མཆོད་པ་ཞིག་བརྩམས་པ་ལགས་ནའང་། ཇུ་ཞག་པ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་འགའ་ཞིག་གི་སྐུ་གདུང་རྒྱས་པར་འགྱུར་རོ་ཞེས། སྐུ་སྦྱངས་ན་རིང་སྲེལ་གྱི་མཆོད་རྟེན་དཔག་ཏུ་མེད་པའང་འབྱུང་བའང་གསུངས། དེ་བཞིན་གཤེགས་པ་འགའ་ཞིག་གི་སྐུ་གདུང་རིལ་པོ་གཅིག་ཏུ་འདུག་གོ། མཆོད་རྟེན་ཡང་གཅིག་ཏུ་ཟོད་ཅེས། སྐུ་མ་སྦྱངས་པ་རིལ་པོ་བཞུགས་པའི་མཆོད་རྟེན་ཡང་གསུངས་འདུག །། དམ་པའི་ཆོས་པདྨ་དཀར་པོ་ནས། རྒྱལ་བ་རིན་ཆེན་མང་གི་སྐུ་གདུང་སྐལ་པ་མང་པོར་མཆོད་རྟེན་དུ་བཞུགས་ཤིང་། དུས་དུས་སུ་ཆོས་སྟོན་པའང་གསུངས། སྔོན་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱལ་མོས་དབོན་གསུམ་དང་། མཁན་པོ་ཞི་བ་མཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་ཀྱང་སྐུ་མ་བཞུ་བར་རིལ་པོར་བཞུགས་འདུག །། ཁྱད་པར་དུ་དྲུང་རིན་པོ་ཆེ་པ་ཉིད། སྔ་གོང་ནས་ངེད་་བྱ་སྤྲེ་ལོ་པ་རྣམས་སྲོང་མི་བཏུས་