[A:115]
པ་ཡིན་གསུང་བ་དང་། ཨ་ཀ་རུ་ཚལ་པ་ཆེན་པོ་གཅིག་ཡོད་པ་ལ། འདི་ད་གཟོད་འཁོ་བ་གཅིག་ཡོད་གསུང་བ་དང་། དཔོན་བྱང་ཆུབ་དཔལ་གྱིས་ཁྱི་ལོའི་ཟླ་བ་དང་པོ་ལ་སྒྲོལ་མའི་དབང་ཐོབ་ནས། སྔ་དྲོ་ལུང་ཞུ་བའི་སྐབས་སུ། ཆོས་རྗེ་རང་བྱུང་བའི་ཕྱག་ནས་བྱུང་བའི་ཙྡན་དུམ་གཅིག་དང་། གཞན་ཡང་ཙྡན་དང་ཨ་ཀ་རུ་མང་རབ་ཡོད། འདི་རྣམས་འཁོ་བའི་དུས་གཅིག་ཀྱང་མྱུར་པོར་ཡོང་བ་ཡིན་གསུང་། ཅི་མཛད་པ་ལགས་ཞུས་པས། དེ་གོ་མོད་གསུང་། སྤུར་གྱི་ཞུས་མོའི་རྒྱུ་ཡིན་གསུང་བའི་ཞལ་ཀྱང་འདུག་སྙམ་ནས། དེ་ལ་འདི་ཙམ་མི་འཚལ། རྟུམས་པོ་མཐོ་གང་གིས་ཆོག་པར་ཡོད་པར་གདའ་ཞུས་པས། དོན་དེ་ཡིན་ཏེ། བྱེད་ལུགས་དེ་མིན་གསུང་། འདོན་ཅི་ལགས་སམ་ཞུས་པས། ཞལ་བ་ནག་མོའི་སྟེང་འདིར། དཀར་པོ་མགོན་གྱིས་ཤིང་འདི་རྣམས་ལ་བཟོ་བྱེད། མགར་ཤག་ཀྱིས་སྟེག་སྟེག་ལྕགས་ཤན་བརྡེག །། ཤཀྱཱ་འབུམ་གྱིས་གཞན་པས་ཅག་ཐགས་བཞིན་བྱས་ནས་ཐམས་ཅད་ལ་འུད་ཤན་བྱེད་ཀྱི་སློབ། དེ་འདྲ་མིན། འདི་འདྲ་གྱིས། ལའུ་གྱིས་ཟེར་གྱིན་འདོད་པ་ཞག་གི་ཡོང་བ་ཡིན་གསུང་། རང་རེ་མགོ་མཆོག་ཆུངས་ནས། ཞལ་ཀྱལ་ཡིན་སྙམ་པ་ལས་མ་བྱུང་བས། དེ་འདྲ་བྱུང་ན་ལྕགས་ཤན་ལ་མི་འཐུག །། དངུལ་ཤན་བྱེད་པར་ཞུ་བྱས་ནས་ཀུ་ཏེ་ཞུས་པས། དངུལ་ཤན་འབྱོར་ཡང་མི་འབྱོར། སྤྲོད་ཀྱང་མི་དགོས་གསུང་། དེ་ན་ངས་ཀྱང་དམ་བེ་གཅིག་ཕུལ་བས་ཆོག །། གཞན་ཡང་འབུལ་མི་ཡོང་ཞུས་པས། དེ་ན་དང་དངུལ་ཤན་པས། སྒྲོམ་ཡང་དངུལ་གྱི་ཐུམས་ཏེ། དངུལ་ཤན་ལ་དམ་བེ་ཙམ་