R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 116
[A:116] མི་དགོས་གསུང་། དེའི་འཕྲོ་ལ་གཞན་ཡང་འཕྲོས་པ་མང་དུ་གསུངས། ཁྱེད་རྣམས་ང་ལ་མཐོང་ཆུང་བས་མི་གོ་སྟེ། དེ་ལ་ངའི་མངོན་ཤེས་ཀྱི་སྐལ་བ་གྱིས། ཨེ་བདེན་ལྟོས་ཨེ་གོ་གསུང་ནས། ཕྱག་གཅིག་མཛད་འདུག །། རྒྱུ་མཚན་འདི་རྣམས་ཀྱིས་སྐུ་ལུས་རིན་པོ་ཆེ་ཨ་ཀ་རུའི་སྒམ་དུ་བཞུགས་ནས། དངུལ་གྱི་ཤན་གྱིས་བསྡམས་ཤིང་། གདུལ་བྱ་ཐམས་ཅད་ཀྱིས་གདུང་ཤུགས་མོས་གུས་ཀྱི་ཡུལ། ཕྱག་དང་མཆོད་པའི་གནས། བཀྲིས་བྱིན་བརླབས་ཀྱི་རྟེན་དུ་བཞུགས་སུ་གསོལ་བ་ལགས། ད་མིག་གི་བལྟ་ས། སེམས་ཀྱི་ཐེན་ཐག །། གསོལ་བའི་འདེབས་ས། ཕྱི་བརྒྱན་ནང་བཅུད་འདིར་གདའོ། སྐུ་མ་བཤིག་པར་བཞུགས་པ་འདི། གྲོས་ལེགས་པར་བྱུང་། དྲུང་དུ་ཕྱིན་ཙ་ན། སྐུ་བཞུགས་དུས་བས་ཀྱང་ལྷག་པའི་བྱིན་བརླབས་འདུག །། རྗེས་ཀྱི་ཞབས་ཏོག་འདི་རྣམས་གྲུབ་ཙམ་དང་། ད་ལྟའང་དགེ་འདུན་འཚལ་པའི་གཟུགས་འོལ་ལེ་མ་གཅིག་ལུས་པོ་དེ་སྐུ་གདུང་རིན་པོ་ཆེ་འདིའི་བྱིན་བརླབས་དང་སྐུ་སྐྱོབས་སུ་གདའོ། སྐུ་གདུང་མ་བཞུ་ཡང་། སྔ་གོང་དུ་གསོལ་ཀ་པ་ཀུན་དགའ་དར་ལ་མོས་གུས་ཀྱི་རྟེན་དུ་གནང་བའི་ཚེས་གཅིག་ལ། བདེ་བར་གཤེགས་པའི་མོས་གུས་བྱས་པས་རིང་སྲེལ་ངོ་མཚར་བ་བྱིན་འདུག །། སློབ་མ་མོས་གུས་ཅན་ལ་བྱིན་བརླབས་ཀྱི་རྟེན་གནང་བ་དེ་ལྟ་བུ་གཞན་ཡང་འགའ་རེ་བྱོན་གདའ། བར་དོ་གསུམ་པ་ལ་སྐྱེ་བ་སྤྲུལ་སྐུའི་ཞིང་ཁམས་སུ། སྨོན་ལམ་ཐུགས་རྗེ་སྤྲུལ་སྐུ་སྟེ་འགྲོ་དོན་མཛད་པ་ནི།