[A:117]
རྡོ་རྗེ་མགུར་ལས། སློབ་དཔོན་འདའ་བྱེད་དུས་སུ་ནི།། འཇིག་རྟེན་པ་རྣམས་ཤི་ཞེས་རོལ།། རྨོངས་པ་ལྡན་མི་རྣམས་གང་ཟེར་བ།། ཤི་བ་དེ་འདིར་རྨོངས་པའོ།། ཤི་བ་ཅེས་བྱ་རྣམ་རྟོག་སྟེ།། དགའ་བའི་གནས་སུ་ཁྲིད་པའོ།། ཡང་ན་བདེ་བ་ཅན་དུ་སྐྱེ།། གང་འདོད་རིགས་སུ་སྐྱེ་བར་འགྱུར།། ཞེས་པ་ལྟར། བླ་མ་དྲན་ནས་སངས་རྒྱས་རིན་པོ་ཆེ་མྱ་ངན་ལས་འདས་བའི་ཚུལ་བསྟན་ཀྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱུན་ཆད་པ་མེད། མངོན་རྟོགས་རྒྱན་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས།། གང་དང་གང་ལ་གང་དང་ནི།། གང་ཚེ་བྱ་བ་ཕན་འགྱུར་བ།། དེ་ལ་དེ་དང་དེ་སྣང་ངོ།། ཞེས་པ་ལྟར། ཞིང་ཁམས་རབ་འབྱམས་རྒྱ་མཚོ་རྣམས་སུ་གདུལ་བྱ་གང་རྣམ་པ་གང་གིས་འདུལ་བ་དེ་ལྟ་བུའི་སྐུ་བསྟན་ནས། ཕྲིན་ལས་གང་ཕན་པར་འགྱུར་བའི་བྱ་བ་དེ་མཛོད། ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་གི་ཚེ། རྨི་ལམ་དུ་ང་ཤི་ནས་རྒྱལ་ཆེན་བཞིའི་རིང་ཀྱི་ལྷར་སྐྱེས་པ་རྨིས་ཞེས་པ་བདག་ལ་གསུང་། ཕག་ལོའི་དགུན་སྟོད་དཔལ་གྱི་རི་ནས་འབྱོན་པའི་གོང་དེར། ང་ཨོ་རྒྱན་དུ་སྤྱོད་པ་ལ་འགྲོ་བར་ཆས་ནས། ་་་་རྒྱུས་ལ་བརྒྱན་དང་བཅས་ནས། ནུབ་ཕྱོགས་སུ་གྲཔགས་གཅིག་དང་བཅས་ནས་འགྲོ་ཡིན་འདུག་པ་རྨིས་ཞེས་གསུང་། བདེ་བར་གཤེགས་པའི་རྗེས་སུ། ཡེར་པ་ཕུར་བྱིས་པ་ཆུང་ངུ་གཅིག་ལ་རྫོང་བཙན་བབས་ནས། དྲུང་རིན་པོ་ལ་ན་ནིང་ཨོ་རྒྱན་ནས་