[A:118]
མཁའ་འགྲོ་མའི་སྤྱན་འདྲེན་བྱུང་བ་ལ། དུས་ལ་མ་བབ་གསུང་ནས་འབྱོན་དུ་མ་གནང་། ད་ལོ་གདུལ་བྱ་དུས་ལ་བབ་གསུང་ནས་གཤེགས་པ་ཡིན་ཟེར་བ་བྱུང་འདུག །། ཁྱི་ལོ་ཟླ་བ་དང་པོ་ལ་སྒྲོལ་མའི་དཔང་མཛད་མཛད་པའི་སྟ་གོན་གྱི་ནུབ། སློབ་མ་དག་པ་གཅིག་ལ། རྗེ་རིན་པོ་ཆེ་སང་རེད་བྱང་ཕྱོགས་ཤམ་བྷ་ལར་འབྱོན་པ་ཡོད་ཟེར་བའི་རྨི་ལམ་བྱུང་འདུག །། སེམས་ཅན་ཐམས་ཅད་འགའ་ཡང་ཐུགས་རྗེ་ཡལ་བར་འདོར་བ་མི་སྲིད་ན། བདག་ཅག་རེ་ས་སྐྱབས་གནས་གཞན་མ་མཆིས་པ་རྣམས་གཏན་ནས་འདོར་བ་ཅང་། སྤྲུལ་པའི་སྐུ་ཡིས་ད་དུང་ཡང་རྗེས་སུ་འཛིན་ཞིང་ཕྲིན་ལས་སྐྱོང་བའང་རེ་བ་ཡིན་མོད། མཁས་གྲུབ་ཆོས་རྗེ་རིན་པོ་ཆེའི་སློབ་མ། སྔོན་སྒྲུབ་པ་མཛད་པའི་དུས་སུ། ཐོག་བརྡུགས་པ་ལ་སོགས་པའི་ཡོན་ཏན་གྲགས་པ། རྒྱལ་སྲས་ལྷའི་དཔལ་གྱིས་དགེ་བའི་ལྟས་མཐོང་བའི་རྒྱུ་མཚན་ཞིག་ཀྱང་ཡོད། འོན་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་འདུལ་བྱའི་སྐལ་བ་རག་ལས་པར་གདའ་བས། སྐྱབས་གནས་དམ་པ་དེ་ལྟ་བུ་ནི་མི་བཞུགས། སྐུ་ཚབ་ལ་བརྟེན་དགོས་པར་གདའ་བས། ?????????བླ་མའི་བྱིན་རླབས་འཇུག་པའི་རྟེན། སློབ་མའི་མོས་གུས་འབུལ་བའི་རྟེན་བཀྲིས་ཕུན་སུམ་ཚོགས་པའི་རྟེན། ཚོགས་གཅིག་ས་ལམ་བསྒྲོད་པའི་རྟེན། ཇི་ལྟར་བཞེངས་པའི་ཚུལ་ནི། དཔལ་ལྡན་བླ་མ་དམ་པའི་སྐུའི་རྟེན། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་མ་ཧཱ་བོ་དྷི། བཅོམ་ལྡན་འདས་དགུང་ལོ་བཅུ་དྲུག་པའི་