R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 119
[A:119] སྐུ་ཚད་པད་གདན་གྱི་སྟེང་བཞུགས་ནས་གཙུག་ཏོར་གྱི་རྩེར་ཐུག་པ་ལ་ཁ་མཐོ་བཅུ་གཉིས་པ། བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་དང་། འཕགས་པ་ཤ་རིའི་བུས་ཞུས་པ་ལས། ཚག་ཚུད་ཇི་ལྟར་བསྟན་པ་དང་ཅུང་ཟད་ཀྱང་མི་འགལ་བར། ཁོ་ལག་ཡོངས་སུ་རྫོགས་པ། རྒྱུ་རིན་པོ་ཆེ་ཟངས་ཕལ་བ་བརྒྱ་བཞི་བཅུ་རྩ་ལྔ་ལས་བཞེངས། གསེར་སྲང་སུམ་བཅུ་རྩ་ལྔ་དང་ཞོ་དྲུག་སེ་བ་བཅུ་བཞི་གསོལ་དབུའི་གཙུག་ཏོར་ནོར་བུ་ཉི་མ་མེ་ཤེམ་ངང་པའི་སྒོ་ང་ཙམ། མཛོད་སྤུའི་མཚན་མུ་ཏིག་ཐ་ནས་འཐེབ་ཆུང་ཙམ་དང་ལྡན་པ། ལྷ་བཟོ་གངས་ཅན་གྱི་ཁྲོད་ན་མཁས་པ་དཔོན་མོ་ཆེ་རྒྱལ་མཚན་འོད་ཟེར་དང་། དཔོན་མགོན་པོས་མགོ་བྱས་མཁས་པ་བརྒྱད་ཀྱིས་བཞེངས། གདན་ཁྲི་དཔངས་སུ་མཐོ་དྲུག །། ཀྱུས་བདོ་དོ། ཞེང་བདོ་གང་མཐོ་གང་བ། ཟལ་ཁལ་དགུ་བཅུ་རྩ་དྲུག་སྲང་ལྔ་ལས་ཕུལ། བཀུད་གསེར་སྲང་ཉི་ཤུ་རྩ་དགུ་དང་ཞོ་ལྔ། གསོལ་བ་ཟངས་མགར་བ་མཁས་པ་དཔོན་ཆེན་རིན་ཆེན་གྲུབ་པ་བུ་བཞིས་བཞེེངས། རྒྱབ་ཡོལ་དཔངས་འདོམ་དེ་མཐོ་དོ། ཞེང་འདོམ་དེ་སོར་བཞིས་ཆད་པ། ཟངས་ཁལ་བརྒྱ་བཅུ་རྩ་བདུན། བཀུད་གསེར་སྲང་སུམ་བཅུ་སོ་ལྔ་དང་ཞོ་ཕྱེད་དང་དོ་གསོལ་བ། ཕུལ་མ་མཁན་པོ་མཁས་པའི་གྲགས་པ་ཐོབ་པ་དབོན་མོ་ཆེ་རིན་བཟངས་པ་དང་། དཔོན་དཀོན་མཆོག་བཟང་པོས་མགོ་བྱས་འདྲས་བཞེངས། དཔལ་ལྡན་བླ་མ་དམ་པའི་གསུང་གི་རྟེན་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རྒྱལ་བའི་གསུང་རབ་འགྱུར་རོ་ཅོག་གི་རྐྱེན་བཀོད་པ་རྣམས་གྲངས་ཡོན་ཏན་མཁན་པོ་དང་བཅས་པའི་དཀར་ཆག་གཞན་དུ་