R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 122
[A:122] པ་ལགས། རྟེན་རྣམས་ལ་ཡེ་ཤེས་སེམས་པ་ཇི་ལྟར་བཞུགས་པའི་ཚུལ་ནི། ཁྱད་པར་དུ་བཞུགས་པ་ལ། གསེར་སྐུ་མ་ཧཱ་བོ་དྷི་ལ། སངས་རྒྱས་འོད་སྲུངས་ཀྱི་རིང་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ནས་བྱོན་པ། བཅོམ་ལྡན་འདས་ཤཀྱཱ་ཐུབ་པའི་འཕེལ་གདུང་ར་བ་མ་ཞེས་གྲགས་པ་དེ་བཞིན་གཤེགས་པའི་རིང་སྲོལ་གྱི་བྱུར་བུར་བལྟམས་པའི་གདུང་ཁང་ཁྲུ་ཚད་མ་རྩོད་པ་མེད་ཅིང་འགྲན་ཟླ་བྲལ་བ་བྱིན་བརླབས་མཆོག་ཏུ་འགྱུར་པ་ཞིག་ཡེར་པ་ནས་སྤྱན་དྲངས་པ་རྟེན་གྱི་གཙོ་བོ་བཞུགས། སྟོད་ལུངས་རམ་པ་ལྷ་སྡིངས་ན་རྣམ་པར་བ་ཆེན་པོས། རྒྱ་གར་རྡོ་རྗེའི་གདན་དུ་མཆོད་པ་ཡང་ཡང་བསྐུར་བའི་ལན་དུ། མ་ག་ཏ་ནས་མ་ཧཱ་བོ་དྷིིའི་ཞལ་དཔེ་བྱིན་བརླབས་ཅན་ཞིག་དང་ལྡན་དུ་བྱོན་པས། བྱང་ཆུབ་ཤིང་ལས་བཞེངས་པའི་བྱང་ཆུབ་ཆེན་པོ་ངོ་མཚར་བ། འགྲོ་བའི་མགོན་པོ་ཞང་རིན་པོ་ཆེའི་ལུགས་སྐུ་མར་པ་ལྷ་དཀར་གྱིས་བཞེངས་པ་སྤྱན་རས་གཟིགས་ཀྱི་ཐང་སྐུ་བྱིན་བརླབས་ཅན་གཅིག །། ནག་ཚོ་ལོ་ཙ་བའི་ཐུགས་དམ་སྒྲོལ་མའི་ཐང་སྐུ། ཇོ་བོ་ཨ་ཏི་ཤའི་རབ་གནས་བཞུགས། ཨ་ཏི་ཤ་སྙེ་ཐང་འོར་དུ་ཆོས་གསུངས་བའི་ཚེ་འཇམ་དབྱངས་དང་། བྱམས་པ་ཆོས་ཀྱི་སྒྲོ་བ་མཛད་པ་ནམ་མཁའ་གཟིགས་པ་ལ་ལྷའི་བུ་རྣམས་ཀྱིས་ཆར་ཕབ་པའི་གསེར་གྱི་མེ་ཏོག །། བསྟན་པའི་གཙོ་བོ་ཇོ་བོ་རིན་པོ་ཆེའི་ན་བཟའ་བླ་གོས། གྲུབ་ཐོབ་ཆེན་པོ་ན་རོ་པའི་ཕྱག་མཚན་ལྕགས་ཀྱི་རྡོ། གསང་བའི་བདག་པོ་བྱ་སྡེར་བའི་ཕྱག་མཚན་དྲིལ་བུ། གསེར་གྱི་གླེགས་བམ་གཅིག །། མདོ་པོད་ལྔ། ཤཀྱཱའི་འབུམ་ཚར་གཅིག །། དྲུང་རིན་པོ་ཆེའི་གཤེགས་རྫོགས་དུས་སུ་བབས་