[A:123]
༄༅ པའི་ལྷའི་མེ་ཏོག་ལ་སོགས་རྣམས་གྲངས་བཅུ་དགུ་བཞུགས། བཀའ་འགྱུར་ཡོད་དོ་ཅོག་ལ་ཆོས་ཀྱི་རྣམས་གྲངས་ཇི་ཙམ་བཞུགས་པ་དཀར་ཆག་ཟུར་ན་གསལ། དངུལ་གྱི་མཆོད་རྟེན་གྱི་བཀྲིས་སྒོ་མངས་ན། བདེ་བར་གཤེགས་པ་དེ་ཉིད་ཀྱི་སྐུ་ལུས་བསོད་ནམས་དཔག་ཏུ་མེད་པ་ལས་གྲུབ་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པ། གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་བྱུང་བ། ཡོན་ཏན་དང་བྱིན་བརླབས་དཔག་ཏུ་མེད་པའི་མངའ་བདག་འབྱུང་བའི་གནོད་པས་མ་ཉམས་ཤིང་ཞལ་དངོས་སུ་བཞུགས་པ་ལྟར་གཟི་མདངས་དང་ལྡན་པར་སྐུ་གདུང་རིན་པོ་གཅིག་ཏུ་བཞུགས། རྒྱལ་བ་ཤཱཀྱའི་རྒྱལ་པོའི་འཕེལ་གདུང་གི་ཕུང་པོ་ཆེ་བ་གཅིག །། རྟོགས་པའི་བླ་མ་མདོ་སྡེ་གཙང་དུ་བྱོན་པའི་རེས་གཅིག་ལ་ཆུ་མིག་རིང་མོའི་གྲོན་ཁང་དུ་བཞུགས་པའི་དྲུང་དུ། ཇོ་མོ་སྒྲོ་མོ་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་གི་གདུང་རྟེན་ཆུང་ཆུང་གཅིག་ཁྱེར་བྱུང་ནས། འདིའི་ནང་ན་ནོ་པ། མར་པ། རྣམས་ཀྱི་དབུ་སྐྲ། ཕྱག་ལེན། ཁྱེད་རང་གི་སྐུ་ཚེ་སྔ་མའི་གདུང་། དབུ་སྐྲ་ཕྱག་སེམས་ཅན་རྣམས་བཞུགས་ཡོད་གསུང་ནས། བླ་མ་ལ་ཕུལ་བ། གཞུང་རི་བོར་གདན་དྲངས། དེ་ནས་སློབ་མ་མཁས་པ་གཅིག་གིས་ཁམས་སུ་གདན་དྲངས། དེ་རྟིང་བླ་མ་ཀུན་དགའ་ཁམས་སུ་བྱོན་པའི་རེས་ཡར་གདན་དྲངས་པའི་ལོ་རྒྱུས་རྟོགས་པའི་རྣམ་ཐར་ན་གསལ་བ་ལྟར་བཞུགས་པའི་གདུང་ཁང་རི་བོ་ནས་བྱོན་པ་གཅིག །། འགྲོ་མགོན་རིན་པོ་ཆེའི་སྐུ་ཉིད་ཀྱི་ཞལ་དུ་བཅུག་ནས་བྱིན་བརླབས་མཛད་པ་གཅིག །། ཆེན་པོ་དགའ་བདེའི་ཐུགས་དམ་བསྟན་གཙོའི་གསེར་སྐུ། སྤྱན་སྔ་