[A:124]
ཆེན་པོའི་གདུང་དང་རྟེན་བྱིན་བརླབས་ཅན་མང་པོ་བཞུགས་པ་གཅིག །། སྙེ་ཐང་འོར་ནས་བྱོན་པ་ཨ་ཏི་ཤའི་རྣམ་ཐར་ཐང་སྐུ་གཅིག །། མཉམ་མེད་དགས་པོ་རིན་པོ་ཆེའི་གདུང་སྒམ་པོ་ནས་བྱོན་པ། རྔོགས་ཀུན་དགའི་དབུ་བརྒྱན་བླ་མ་བྱ་སྡེར་བའི་ཕྱག་མཚན་རྡོ་རྗེ། སངས་རྒྱས་སྟོང་ཕྲག་གསུམ་གྱི་སྐུ་གཟུགས་དང་མཆོད་རྟེན་སྟོང་ཕྲག་ཕྱེད་དང་གཉིས་གསེར་ལས་བཞེངས་པ་དང་། སངས་རྒྱས་དཔག་ཏུ་མེད་པའི་མཚན་འབུམ་གསེར་ལས་བཞེངས་པའི་པོ་ཏི་གཅིག །། མཆོད་རྟེན་གྱི་ནང་ལོགས་ཐམས་ཅད་ལ། རྩ་བ་བརྒྱུད་པའི་བླ་མ་ཆོས་བརྒྱུད་ཐམས་ཅད་ཚང་བ། ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་པ། རང་རྒྱལ། ཉན་ཐོས། ཆོས་སྐྱོང་ཕྱོགས་སྐྱོང་ལ་སོགས་ཀྱི་རི་མོས་ལོགས་ཐམས་ཅད་ཁྱད་པར་བཞུགས། མཁས་གྲུབ་ཆོས་རྗེའི་སྐུ་གདུང་ལས་བཞེངས་པའི་བརྩམས་ཆོས་པོ་ཏི་གཅིག །། མཁས་གྲུབ་ཆོས་རྗེའི་ཐང་སྐུ་སྔོན་དྲུང་པ་ཉིད་དང་འབྲལ་བ་བསྲུང་བའི་མོས་དགུས་མཛད་པ་གཅིག་དང་། བླ་མ་སངས་རྒྱས་རིན་པོ་ཆེའི་སྐུ་འདྲ་རིགས་བདག་གི་ཚུལ་དུ་བཞུགས། འགྲོ་མགོན་རིན་པོ་ཆེའི་ཕྱག་དམ་དྲ་བ་མ་གཅིག །། མཆོད་རྫས་ཀ་པ་ལ་གསེར་མདོག་དུམ་བུ་བཞི་པ་ཁྱད་པར་དུ་འཕགས་པ་བཅུད་རིན་པོ་ཆེ་དང་། སྨན་འབུ་སྣ་ཚོགས་ཀྱི་བཀང་བ་ལ་སོགས་ཏེ་སྣ་གྲངས་བཅོ་བརྒྱད་བཞུགས། སྐུ་འདྲ་ལུགས་མ་སྐུ་ཚད་ཀྱི་ནང་དུ་དེ་བཞིན་གཤེགས་པའི་འཕེལ་གདུང་མང་པོ་བཞུགས་པའི་གདུང་ཁང་བྱིན་བརླབས་ཅན་གཅིག །། འགྲོ་མགོན་རིན་པོ་ཆེའི་སྐུ་མར་པ་ལྷ་སྐར་མ་གཅིག །། ཆེན་པོ་དགའ་བདེ་ཐུགས་དམ་ཡབ་ཀྱི་གདུང་དང་། རྟེན་ངོ་མཚར་ཅན་མང་པོ་བཞུགས་པའི་གསེར་སྐུ་གཅིག །། ཞང་རིན་པོ་ཆེའི་བཀའ་འབུམ་པོ་ཏི་བཞི། རྗེ་བཙུན་རི་བོ་བའི་