[A:125]
ཕྱག་དྲིལ་གྱི་དབུ་གཅིག །། སངས་རྒྱས་ལྔ་བརྒྱ་དགུ་བཅུ་གཅིག་གི་སྐུ་གཟུགས་དང་མཚན། མཆོད་རྟེན་དགུ་བརྒྱ་གསེར་ལས་བཞེངས་པ། ཤོག་སྐྱའི་ཉི་ཁྲི་ཚར་གཅིག །། འབུམ་ཚར་གཅིག་ལ་སོགས་རྣམས་གྲངས་བཅུ་གཅིག་རྣམས་བཞུགས། སྐུ་འདྲ་དར་སྐུའི་ནང་དུ་སྨན་གྱི་བླའི་གསེར་སྐུ་བྱིན་བརླབས་ཅན་གཅིག །། མཁས་གྲུབ་ཆོས་རྗེའི་སྐུ་མཚལ་པས་བཞེངས་པ་སྐུ་གཅིག །། གྲུབ་ཆེན་ཨུ་རྒྱན་པའི་ལྡེར་སྐུ་བྱིན་བརླབས་ཅན་གཅིག །། སངས་རྒྱས་ཉིས་སྟོང་བརྒྱའི་སྐུ་གཟུགས་དང་མཚན། མཆོད་རྟེན་སྟོང་ཕྲག་གཅིག་དང་བཞི་བརྒྱ་གསེར་ལས་བཞེངས་པ་ལ་སོགས་རྣམ་གྲངས་དྲུག་བཞུགས། རྟེན་ཐམས་ཅད་ཐུན་མོང་དུ་བཞུགས་པ་ནི། རྒྱལ་བ་སྲས་དང་སློབ་མར་བཅས་པས་བྱིན་གྱིས་བརླབས་པའི་རྟེན་ངོ་མཚར་ཅན་ལ། རྒྱལ་བ་ཐུབ་པའི་དབང་པོའི་འཕེལ་གདུང་ཟུང་འབྲེལ་རེ། དེ་བཞིན་གཤེགས་པ་ལུམ་པའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཕྱོགས་བཞིར་གོམས་པ་བདུན་བདུན་བོར་བའི་ས། དེ་བཞིན་གཤེགས་པ་སྒྲུབ་ཁང་གི་ས། ཡབ་ལ་ཆོས་གསུངས་པའི་ཆོས་ཁྲིའི་ས། མཆོད་རྟེན་རྣམ་དག་གི་ས། གླང་པོ་ཤོངས་ཀྱི་རྡོ་བའི་ཕྱག་མཁར་གྱི་ས། གྲུབ་ཐོབ་ཀུ་ཀུ་རིལ་མཁའ་སྤྱོད་དུ་གཤེགས་པའི་ཞབས་རྗེས་དང་རྗེས་ཀྱི་ས། ཟས་གཙང་གི་ཕོ་བྲང་དང་། དེ་བཞིན་གཤེགས་པའི་གཟིམས་ཁང་གི་ས་རྣམས། མདའ་ཆུ། ཁྲོན་པ། ཚང་པ་རྒྱ་བྱིན་གྱི་གསེར་གཞོང་བཟེད་ནས་སྐུ་བལྟམས་པའི་དུས་སུ་གསོལ་བའི་ཆུ། དབུ་སྐྲ་བསིལ་བའི་ཆུ། གསོལ་ཆུ། ཁྲུས་ཀྱི་རྫིང་བུ། དེ་བཞིན་གཤེགས་པས་འོ་མ་བསྐྱུགས་པ་ལས་ཆུ་མིག་བྱུང་བ་ལ་བྲོད་ཀྱང་འོ་མ་འདྲ་བ་མདོག་ཀྱང་འོ་མ་འདྲ་བ་ཡོད་པའི་ཆུ་མིག་